25874
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སློབ་དཔོན་འགར་པ་རི་པས་མཛད་པའི་དཔའ་བོ་གཅིག་པའི་གཏོར་མའི་ཆོ་ག མཛད་བྱང་གི་རྗེས་སུ་“འདིར་དཔའ་བོ་གཅིག་པ་གཅིག་པུ་ལ་སྦྱར་ཀྱང་དེའི་ཌ་ལའི་ཙཀྲ་ལ་ཡང་འདིར་ཕུལ་བས་མཆོག་གསུང་། ཇོ་བོ་ཁ་ཆེ་པཎ་ཆེན་ལ་དགེ་བཤེས་སྙེལ་དོན་གྱིས། དེ་ལ་གློག་སྟོན་སེང་གེ་རྒྱལ་མཚན་གྱིས། དེ་ལ་སློབ་དཔོན་གང་གིས་ཞུས་སོ། །ཤེས་བྱ་ཆོས་ཀྱི་དབྱིངས་དང་ཤེས་བྱེད་རིག་པའི་ཡེ་ཤེས་གཉིས་ཐ་མི་དད་པར་ཉམས་སུ་མྱོང་བ་ཆོས་ཀྱི་སྐུའོ། །སློབ་དཔོན་གྱི་དཔེ་ལ་བསྒྲུབ་ཐབས་གཏིང་ལ་གཏོར་མ། དེའི་རྗེས་སྦྱིན་བསྲེག་སྣང་ངོ་། །ཞེས་འཁོད། བསྟན་འགྱུར་རྒྱུད་ཝུ་པར་བཞུགས། |
{{#arraymap:དཔའ་བོ་གཅིག་པའི་གཏོར་མའི་ཆོ་ག་
|; |@@@ | | }}