25905

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔའ་བོ་ལྔ་ (1)
Part of speech མིང་ཚིག
Definition སྔགས། རྫོགས་ཆེན། རྙིང་མ། དཔའ་བོ་ལྔ་ནི། ཉི་ཟླ་འབར་བའི་སྒྲོན་མ་ལས། རྒྱུ་མཚན་ཉིད་སྡེ་གསུམ་གྱི་དཔའ་བོ་དང་། གསང་སྔགས་ཕྱི་རྒྱུད་སྡེ་གསུམ་གྱི་དཔའ་བོ་དང་། གསང་སྔགས་བསྐྱེད་རྫོགས་གཉིས་ཀྱི་དཔའ་བོ་དང་། རྫོགས་པ་ཆེན་པོའི་དཔའ་བོ་དང་། སྤྱི་ཏི་ཡོ་གའི་དཔའ་བོ་དང་ལྔའོ། །དེ་ལ་མཚན་ཉིད་སྡེ་གསུམ་གྱི་དཔའ་བོ་ནི་སྤྲུལ་པའི་སྐུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའོ། །ཀྲི་ཡོ་ག་སྡེ་གསུམ་གྱི་དཔའ་བོ་ནི་ལོངས་སྤྱོད་རྫོགས་པའི་སྐུ་དཔལ་རྣམ་པར་སྣང་མཛད་དོ། །བསྐྱེད་རྫོགས་ཀྱི་དཔའ་བོ་ནི་དཔལ་རྡོ་རྗེ་སེམས་དཔའོ། །རྫོགས་པ་ཆེན་པོའི་དཔའ་བོ་ནི་དཔལ་ཀུན་ཏུ་བཟང་པོའོ། །སྤྱི་ཏི་ཡོ་གའི་དཔལ་བོ་ནི་ཡེ་ཐོག་མ་ཀ་དག་གི་སངས་རྒྱས་སོ། །ཞེས་གསུངས།
Domain [ཆོས་ལུགས།, ལྟ་གྲུབ།]

{{#arraymap:དཔའ་བོ་ལྔ་

|; |@@@ | | }}