25907

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔའ་བོ་སེར་པོ་ (1)
Part of speech མིང་ཚིག
Definition ལོ་མང་སྐྱེ་བའི་ལྡུམ་བུའི་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་ཅུང་ཟད་སྟོང་ལ་ནང་སེར་བ། སྡོང་པོ་ལྗང་སེར་སྦོམ་ལ་ཡལ་ག་དང་ཡལ་ཕྲན་མང་པོ་གྱེས་པ། ལོ་མ་སྔོ་ལྗང་མཐུག་ན་རྒྱབ་སྐྱ་བ་སྒོང་དབྱིབས་སམ་བ་སྦྲུའི་ལོ་མ་འདྲ་བ་རེ་རེས་མོས་སུ་སྐྱེ་བ། མེ་ཏོག་སེར་པོ་ཆུང་བར་འདབ་མ་ལྔ་དང་ལྡན་པ་སྡོང་པོ་དང་ཡལ་གའི་མཚམས་ནས་བརྩེགས་པའི་མེ་ཏོག་བང་རིམ་དུ་འཆར་བ་ཞིག་སྟེ། བོད་ཀྱི་སྤོ་བོ་དང༌། མེ་ཏོག ཉིང་ཁྲི། སྨན་གླིང༌། ཙ་རི། སྐྱིད་གྲོང༌། གྲོ་མོ་སོགས་ཀྱི་རོང་ཆེན་རྣམས་སུ་སྐྱེ་བ་དང༌། རྩ་བ་བོད་ཟླ་བརྒྱད་པའི་ནང་བཏུས་ཏེ་གཙང་མ་བཀྲུས་རྗེས་དུམ་བུ་གཏུབས་ནས་སྐམ་གསེད་བྱས་རྗེས་སྨན་དུ་སྤྱོད་རྒྱུ། རོ་ཁ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་བས་དུག་རིགས་ཀུན་ལ་ཕན།
Domain གསོ་རིག

{{#arraymap:དཔའ་བོ་སེར་པོ་

|; |@@@ | | }}