25908

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔའ་བོ་སྟག་གི་ཞལ་ལྕེ་ (1)
Part of speech མིང་ཚིག
Definition དགྲ་བོ་འདུལ་བའི་གཡུལ་འགྱེད་སྐབས་བྱས་རྗེས་ཡོད་པའི་མི་ལ་དཔའ་བོ་སྟག་གི་མིང་གིས་གཟེངས་བསྟོད་དགོས་པ་ལ་སོགས་པའི་སྐོར་གྱི་ཞལ་ལྕེའམ་ཁྲིམས་ལ་ཟེར་ཞིང་། ཞལ་ལྕེ་བཅུ་དྲུག་གི་ནང་གསེས་ཤིག ཀརྨ་བསྟན་སྐྱོང་དབང་པོས་བོད་ལ་དབང་སྒྱུར་བྱེད་སྐབས་སྤེལ་སེར་བ་ལ་སྒྲིག་ཏུ་བཅུག་པའི་ཁྲིམས་ཡིག་ནང་གསལ། ཁྲིམས་ཀྱི་དོན་ཚན་བཅུ་དྲུག་གི་དང་པོ། རྒྱལ་ཁབ་ལ་ཕ་རོལ་གྱི་རྒོལ་བ་བྱུང་ན་ཞི་དྲག་ཐབས་ཇུས་གང་མཁས་ཀྱི་སྒོ་ནས་དགྲ་བོ་འདུལ་ལུགས་ཀྱི་ཁྲིམས། དགྲ་འཐབ་ཀྱི་ཚེ་དཔའ་བོ་དག་གི་ནུས་པ་ཁྱད་དུ་ཐོན་པའི་ཆེད་དུ་བྱས་པ་ཞིག་ཡིན། སྐབས་འདི་དག་ཏུ་སྡེ་གཟར་ཧ་ཅང་ཆེ་བས་དཔའ་བོ་ལ་དམིགས་བསལ་གཟེངས་སུ་བསྟོད་དགོས་པ་མང་བས་ཁྲིམས་ལུགས་འདི་བཅའ་དགོས་པ་བྱུང་།
Domain ཁྲིམས་ལུགས།

{{#arraymap:དཔའ་བོ་སྟག་གི་ཞལ་ལྕེ་

|; |@@@ | | }}