25912
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དཔའ་བོའི་དྲིལ་བུ་ནི། མཁའ་འགྲོར། རྡོ་རྗེ་ཕྲེང་བ་དང་སྐེ་རགས་བུམ་པ་བཟང་པོ་སོགས་མཚན་ཉིད་ཐམས་ཅད་རབ་ཏུ་རྫོགས་པར་བྱ་མོད་ཀྱི། འོན་ཀྱང་དྲ་བ་དང་དྲ་བ་ཕྱེད་པའི་མཚན་མ་སྤངས་པ་སྟེ་མི་བྱའོ། །དེའི་ཚད་སྲིད་དུ་སོར་མོ་དགུ་ཡི་ཚད་མ་བཙལ། དེ་ཡི་ཁའི་ཞེང་ནི་སོར་ལྔ་ཡི་ཚད་ལས་ལྷག་པ་མི་བྱའོ། །དབུ་རྩེ་ནི་རྩེ་ལྔ་པ་དང་རྩེ་དགུ་པ་གང་རུང་སྟེ་དཔའ་བོའི་དྲིལ་བུར་ཡང་དག་གསུངས། རྡོ་རྗེ་འཛིན་པ་ཞེས་བཤད་པས་མཚན་སྔར་གྱི། མཚན་ཉིད་བཞིན་པ། འོན་ཀྱང་དྲ་བ་ཕྱེད་སྤངས་པ། ཚད་སྲིད་དུ་སོར་དགུ་པའི་ཁ་ལ་སོར་ལྔའི་ཚད་དང་ལྡན་ཞིང་། རྩེ་ལྔའམ་རྩེ་དགུ་གང་རུང་གི་སྤྲོས་པའོ། །འདི་ལ་རྡོ་རྗེ་མཁའ་འགྲོའི་དྲིལ་བུ་ཞེས་བྱ་བཤད་དོ། །དེ་ལྟ་བུ་བཟུང་བའི་ཕན་ཡོད་མང། ཞེས་སོགས་གསུངས་སོ། །ཞེས་འཇམ་མགོན་ཨ་མེས་ཞབས་ཀྱི་རྡོ་དྲིལ་རྣམ་བཤད་སྔགས་གཅེས་ནོར་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:དཔའ་བོའི་དྲིལ་བུ་
|; |@@@ | | }}