25920
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | བོད་རྒྱལ་སྲོང་བཙན་སྒམ་པོ་སོགས་ཀྱི་སྐུ་རིང་ལ། གཙོ་བོར་རྒྱལ་ཁམས་ཀྱི་བདེ་འཇགས་དང༌། མཐའ་མཚམས་བརྟན་སྲུང་སོགས་དམག་དཔོན་གྱི་བྱ་བར་ལག་རྗེས་ཡོད་པའི་དྲག་པོ་གཡུལ་གྱི་དཔའ་བོ་གཟེངས་བསྟོད་པའི་ཐབས་ཤེས་ཤིག་སྟེ། དེ་ཡང་དཔའ་ཆེ་ཆུང་དང༌། བྱས་པ་ཆེ་ཆུང་ལ་གཞིགས་ཏེ་མིང་ཐོབ་ཀྱི་ཁྱད་པར་དྲུག་ལ་ཕྱེ་བ་སྟེ། སྟག་སྟོད་སྟག་སྨད་གཉིས། ཟར་ཆེན་ཟར་ཆུང་གཉིས། སྟག་སློག་གཟིག་སློག་གཉིས་ཏེ་དྲུག་ཡིན་པ་ནི་དཔའ་བོའི་རྩེར་སོན་རླབས་ཆེན་གྱི་བྱས་རྗེས་བཞག་པར་དཔའ་ཚན་དྲུག་ག་ཐོབ་པ་དང༌། དེ་བཞིན་ལྔའམ་རིམ་བཞིན་གཅིག་གི་བར་བྱས་རྗེས་ཆེ་ཆུང་དང༌། ཐེངས་གྲངས་མང་ཉུང་སོགས་མཚོན་པར་བྱེད་པའི་གཟིགས་གཟོས་ཆ་མཐོང་གི་དབྱེ་བ་གསལ་བའི་སྐུལ་མ་མཛད་ཐབས་ཤིག་ཡིན་པར་མངོན། |
Domain | ཁྲིམས་ལུགས། |
{{#arraymap:དཔའ་མཚན་དྲུག་
|; |@@@ | | }}