25931

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔའ་རིས་བློ་བཟང་རབ་གསལ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་བཞི་པའི་ལྕགས་བྱི་ཕྱི་ལོ་ ༡༤༨༠ ལོར་མདོ་སྨད་དཔའ་རིས་ཡུལ་དུ་འཁྲུངས། སྐུ་ཕྲ་བའི་སྐབས་ཐོས་བསམ་དར་རྒྱས་གླིང་དུ་ཆོས་ཞུགས། གཞོན་དུས་ནས་དཔལ་ལྡན་བཀྲ་ཤིས་འཁྱིལ་དུ་ཕེབས། མཚན་ཉིད་ཐེག་པའི་གཞུང་ཆེན་པོ་ལྔ་དང་། རིག་གནས་ཆུང་བ་ལྔ་ལ་སྦྱངས། སྐུ་འབུམ་བྱམས་པ་གླིང་དུ་དཀའ་ཆེན་བཞིའི་གྲྭ་སྐོར་མཛད། དཔའ་རིས་རབ་གསལ་ཞེས་ཡོངས་སུ་གྲགས་པའི་མཁས་པ་ཆེན་པོར་གྱུར། འཇུ་མི་ཕམ་རིན་པོ་ཆེས་ཀྱང་འདིའི་སྙན་པ་གསན། མདོ་སྔགས་དཀའ་གནད་ལས་བརྩམས་ཏེ། དོགས་སློང་གི་དྲི་བ་མང་དུ་མཛད། དེ་མཐུན་གྱི་ལན་ཡང་ཕུལ། འཇུ་མི་ཕམ་རིན་པོ་ཆེས་སླར་ཡང་དགག་བཞག་གི་ཡང་ལན་མཛད་པ་སོགས་གནང་། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་འབུམ་དུ་རྒྱུན་རིང་བཞུགས་སྐབས། འདི་ཉིད་གདན་ཞུས་ཀྱིས་སྒྲ་མདོ་དབྱངས་ཅན་མའི་ས་རིས་དང་། སྙན་ངག་མེ་ལོང་། སྡེབ་སྦྱོར་བཅས་གསན། འདས་ལོ་མི་གསལ། གསུང་རྩོམ་ནི་རྟོགས་བརྗོད་དང་། མཆན་འགྲེལ། དྲིས་ལན། མཐའ་དཔྱོད། གཡང་འབོད་བཅས་པོ་ཏི་གཅིག་ཙམ་བཞུགས།

{{#arraymap:དཔའ་རིས་བློ་བཟང་རབ་གསལ་

|; |@@@ | | }}