25932

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔའ་རིས་ལྷ་རམས་པ་བློ་བཟང་ཆོས་དར་ (1)
Part of speech མིང་ཚིག
Definition འཇུ་ལག་དཔའ་རིས་ཕྱོགས་སུ་འཁྲུངས་ཡིན། འཁྲུངས་ལོ་མི་གསལ། སྐུ་འབུམ་དཔལ་ལྡན་བཤད་སྒྲུབ་གླིང་དུ་ཞུགས། ཚད་མ་རྣམས་འགྲེལ་བཅས་ལ་སྦྱངས། དབུས་སུ་ཕེབས། འབྲས་སྤུངས་སྒོ་མང་གི་ཆོས་སྒོར་ཞུགས། བཀའ་པོད་ལྔར་ཐོས་བསམ་མཛད། སྨོན་ལམ་ཆེན་མོའི་གྲྭ་སྐོར་མཛད། ལྷ་རམས་པའི་མིང་བཏགས་བཞེས། རྒྱལ་སྲས་རིན་པོ་ཆེ་སོགས་བཤེས་གཉེན་མང་པོ་བསྟེན། མདོ་སྔགས་ཀྱི་ཟབ་ཁྲིད་མང་དུ་གསན། དབེན་གནས་མང་པོར་སྒྲིབ་སྦྱོང་ལ་གཞོལ། བོད་གཞུང་གི་བཀའ་བཞིན་ཁལ་ཁ་རྗེ་བཙུན་དམ་པའི་ཁུ་རེལ་ཆེན་མོར་ཕེབས་ཤིང་། རང་ཡུལ་དུ་ཕྱིར་ཕེབས། རབ་བྱུང་བཅུ་བཞི་པའི་ཆུ་ལུག་ཕྱི་ལོ་ ༡༨༢༣ ལོར་སྐུ་འབུམ་དུས་འཁོར་དཔོན་སློབ་ཀྱི་ཁྲིར་བཞུགས། འདས་ལོ་མི་གསལ། དུས་འཁོར་དཔོན་སློབ་ཀྱི་ཁྲི་རབས་གཉིས་པ་ཡིན།

{{#arraymap:དཔའ་རིས་ལྷ་རམས་པ་བློ་བཟང་ཆོས་དར་

|; |@@@ | | }}