25934

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔའ་རེ་དཀོན་མཆོག་བདེ་ཆེན་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཉིས་པའི་མེ་སྦྲུལ་ཕྱི་ལོ་ ༡༧༣༧ ལོར་མདོ་སྨད་མཛོད་དགེར་འཁྲུངས། ཆུང་དུས་ནས་རྒྱུད་པ་དཔོན་སློབ་ངག་དབང་དཔལ་ལྡན་པའི་སྤྲུལ་སྐུར་བཟུང་། བཀྲ་ཤིས་འཁྱིལ་དུ་གདན་དྲངས། ཆོས་གྲྭར་ཞུགས། བསྡུས་གྲྭ་ནས་བཟུང་གཞུང་ལ་ཐོས་བསམ་མཛད། ཀུན་མཁྱེན་རིན་པོ་ཆེ་དང་། གུང་ཐང་རིན་པོ་ཆེ་གཉིས་ལས་དབང་ལུང་མན་ངག་གསན། དབུས་སུ་ཕེབས། འབྲས་སྒོ་མང་གི་ཆོས་གྲྭར་ཞུགས། གཞུང་ཆེན་རྣམས་ལ་སློབ་གཉེར་ལེགས་པར་མཛད། རང་དགོན་དུ་ཕྱིར་བྱོན། རྒྱུད་པའི་ཁྲིར་ཕེབས། འགྲིག་ལམ་དང་། ཀུན་སྤྱོད། ཆོས་འཆད་ཉན་བཅས་ལ་དོ་དམ་ལོ་བདུན་རིང་གནང་། རྒྱུད་ཁང་ཞིག་གསོས་དང་། དམ་ཅན་གྱི་བཙན་ཁང་རྟེན་དང་བརྟེན་པ་བཞེངས། གཙང་དགོན་དང་། བྲག་དཀར་དགོན་གཉིས་མཉམ་དུ་བསྐྱངས། བྲག་དཀར་དགོན་པར་འདུ་ཁང་སོགས་བཞེངས་དང་། གཉའ་གོང་བྲག་དཀར་དང་། གསེར་ཆེན་སྟག་རྫོང་སོགས་སུ་ཕེབས། སྒྲུབ་པ་ཉམས་ལེན་མཛད། རབ་བྱུང་བཅུ་གསུམ་པའི་མེ་ལུག་ཕྱི་ལོ་ ༡༧༨༧ ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཁྲིར་བཞུགས། གདན་ས་ལོ་གསུམ་རིང་བསྐྱངས། ཆོས་འཆད་ཉན་སོགས་མ་ཉམས་པ་མཛད། གསང་སྔགས་སྨིན་གླིང་གི་ཁྲིར་ཕེབས། རབ་བྱུང་བཅུ་གསུམ་པའི་མེ་འབྲུག་ཕྱི་ལོ་ ༡༧༩༦ ལོར་སྐུ་གཤེགས། བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་བཅུ་དགུ་བ་ཡིན།

{{#arraymap:དཔའ་རེ་དཀོན་མཆོག་བདེ་ཆེན་

|; |@@@ | | }}