2596

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀོ་ཤ་ (1)
Part of speech མིང་ཚིག
Definition ཤ་མོའི་རིགས་སྨུག་མདངས་ཆགས་པ། མགོ་དང་ཡུ་བ་ཤ་མོ་ལྟར་འབྲེལ་མཚམས་མེད་ལ་གཅིག་པར་སྐྱེ་བ། ནང་རིས་སུལ་ཞིབ་ཀླད་ནས་ཡུ་བར་ཐོན་པ། ལུས་སྟོབས་སྐྱེད་པའི་སྨན་མཆོག་ཡིན། སྙིང་དང་མཁལ་མའི་ནད་ལའང་ཕན། འདི་ལ་ཤ་མཐུག་པ་ཀོ་བ་འདྲ་བས་ཀོ་ཤ་ཟེར། ལེགས་སྦྱར་སྐད་དུ་ཨ་ཝ་དང་། རྒྱ་སྐད་དུ་ལྱིན་ཏྲི་ཟེར།
ཀོ་ཤ་ (2)
Part of speech མིང་ཚིག
Definition ས་སྐྱ་པས་བོད་ཀྱི་སྲིད་དབང་བཟུང་སྐབས། ཧོར་གྱི་ཁྲིམས་ལུགས་ལྟར་རྟ་ལྕག་གི་ཚབ་ཏུ་བེད་སྤྱོད་གཏོང་བའི་ཁྲིམས་ལྕག་རྒྱུག་པའི་སྣེར་ཀོ་བ་ལེབ་མོ་སྦར་མཐིལ་ཙམ་བརྩེགས་མ་ལྔ་ཙམ་བྱས་པ་འགྲམ་པ་དང་འཕོངས་མཚོས་གཉིས་ཀར་གཞུ་ཆོག་པའི་ཁྲིམས་ཆས་ཤིག་སྟེ། ཡོངས་གྲགས་ཀྱི་ཁ་རྒྱུན་དུ་ཀོ་ལྕག་ཅེས་འབོད་པ་དེ་ཡིན།