25985

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔལ་ཁྲག་འཐུང་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། ཞི་ཁྲོའི་ལྷ་ཚོགས་ལས་ཁྲག་འཐུང་ང་བརྒྱད་ཀྱི་ཡ་གྱལ་ཏེ། དྲེགས་པ་ཆེན་པོའམ་རུ་དྲ་འདུལ་བྱེད་དུ་ཁྲོ་བོའི་སྐུར་བཞེངས་པའི་ལྷ་ཞིག་ཡིན། དེ་ཡང་། དཔལ་གསང་བ་སྙིང་པོའི་རྒྱ་ཆེར་འགྲེལ་པ་ལས། ཞི་བས་མི་འདུལ་བའི་དྲེགས་པ་ཆེན་པོ་གདུལ་བར་བྱ་བའི་སྟོབས་དཔལ་ཁྲག་འཐུང་ལ་ཡོད་དེ། དེ་ཅིའི་ཕྱིར་ཞེ་ན། གབ་པའི་གསང་བ་མ་རྟོགས་ཤིང་སྦས་པའི་གསང་བ་ལ་མངོན་པར་འཆེལ་བའི་རྒྱུ་དེའི་ཕྱིར་དང་། ཞི་བས་མི་འདུལ་བ་དྲག་པོའི་ལས་ཀྱིས་ཚར་གཅད་པའི་ཕྱིར་རོ། །ཞེས་གསུངས། མཚན་གྱི་རྣམ་གྲངས་ལ། ཤྲཱི་ཧེ་རུ་ཀཿ བཅོམ་ལྡན་འདས་དཔལ་ཁྲག་འཐུང་། བཅོམ་ལྡན་འདས་དགྱེས་པ་ཆེན་པོ། འབར་བ་ཆེན་པོ། མ་ཧཱ་ཤྲཱི་ཧེ་རུ་ཀཿ བཅས་སུ་གྲགས།
Domain ཆོས་ལུགས།

{{#arraymap:དཔལ་ཁྲག་འཐུང་

|; |@@@ | | }}