25991
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། འཇམ་དཔལ་གྱི་དཔལ་རྣམ་པ་གཉིས་ཏེ། ཉི་ཟླ་འབར་བའི་སྒྲོན་མ་ལས། འཇམ་ནི་ཟུག་རྔུ་མེད་པས་འཇམ། དཔལ་ནི་གཉིས་ཏེ། རྟོགས་པ་བདག་གི་དཔལ་དང་། ཐུགས་རྗེ་གཞན་གྱི་དཔལ་ལོ། །རྟོགས་པ་བདག་གི་དཔལ་ནི་གཞི་སྐྱེ་མེད་དུ་རྟོགས་པའོ། །ཐུགས་རྗེ་གཞན་གྱི་དཔལ་ནི་དེ་ལྟར་མ་རྟོགས་པ་རྣམས་ལ་སྐྱེ་མེད་ཀ་དག་གི་དོན་སྟོན་པའོ། །ཞེས་གསུངས། |
| Domain | [ཆོས་ལུགས།, ལྟ་གྲུབ།] |