26007

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔལ་གཤིན་རྗེ་གཤེད་ཀྱི་སྒྲུབ་པ་འཇིགས་བྱེད་མེའི་སྤུ་གྲི་ (1)
Part of speech མིང་ཚིག
Definition དཔལ་གཤིན་རྗེ་གཤེད་ཀྱི་སྒྲུབ་པ་འཇིགས་བྱེད་མེའི་སྤུ་གྲི། ཞེས་བྱ་བ་སྟེ། ཨོ་རྒྱན་ཆེན་པོའི་གསུང་བཞིན་བདག་འདྲ་སངས་རྒྱས་ཡེ་ཤེས་ཀྱིས་ལ་ཡག་མོན་མཁར་སྟེང་དུ་ཤོག་སེར་ལ་བྲིས་པ་ཉིད། གཏེར་ཆེན་རཏྣ་གླིང་པས་ཁྱི་ལོ་རྟ་ཡི་ཟླ་བའི་ཚེས་གཅིག་ལ་གནམ་སྐས་བྲག་ནས་གདན་དྲངས། འདིའི་ནང་དོན་ལ། དཀྱིལ་འཁོར་བྱས་ཤིང་རྫས་བསག་པ་དང་། ལྷ་བསྐྱེད་ཅིང་སྤྱིར་བསྙེན་སྒྲུབ་བྱ་བ། ལས་སྦྱོར་བྱས་ཤིང་སྦྱིན་སྲེག་མཐའ་རྒྱས་པར་བྱ་བ་གསུམ་གྱི་སྒོ་ནས་དབང་ཆེན་རྟ་མགྲིན་གསང་བ་འདུས་པའི་སྐུ་ཡི་སྒྲུབ་པ་ཚེ་བདག་ནག་པོའི་ཡང་ཞུན་རྡོ་རྗེ་འཇིགས་བྱེད་མེའི་སྤུ་གྲི་བསྟན།
Domain ཆོས་ལུགས།