26025
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྒྱ་གར་ཁ་ཆེའི་མཁན་པོ་ལོངས་སྤྱོད་རྡོ་རྗེས་མཛད་པའི་དཔལ་གསང་ཆེན་པདྨ་ཞེས་བྱ་བའི་རྒྱ་ཆེར་འགྲེལ་པ། པཎྜི་ཏ་དེ་ཉིད་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ། ཆོས་ཚན་འདི་བུ་སྟོན་དང་པེ་ཅིང་པར་མ་དང་། སྣར་ཐང་པར་མ་སྡེ་དགེ་པར་མ་རྣམས་ཀྱི་དཀར་ཆག་ཏུ་“བདེ་མཆོག་དང་སངས་རྒྱས་མཉམ་སྦྱོར་གྱི་རྒྱུད་འགྲེལ་དུ་འདོད་པ་ཅི་རིགས་སུ་སྣང་ཞིང་སོ་སོར་དབྱེ་དཀའ་བར་སྣང་ནའང་སྡོམ་པ་འབྱུང་བའི་རྒྱུད་ཕྱི་མའི་ཕྱི་མ་ཞེས་བཤད་པ་དང་། མཁའ་འགྲོ་མ་ནི་རྡོ་རྗེ་ཕག་མོའོ་ཞེས་སོགས་བདེ་མཆོག་དང་མཐུན་པ་ཤས་ཆེ་བར་སྣང་བས་འདིར་བཀོད་དོ། །ཞེས་འཁོད། བསྟན་འགྱུར་རྒྱུད་ཚ་པར་བཞུགས། |