26045
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སློབ་དཔོན་མཁས་པ་ཆེན་པོ་དཔལ་ཀུན་ཏུ་བཟང་པོའི་ཞབས་ཀྱིས་མཛད་པའི་དཔལ་གསང་བ་འདུས་པའི་འཇམ་དཔལ་གྱི་སྒྲུབ་ཐབས། རྒྱ་གར་གྱི་མཁན་པོ་སུ་ག་ཏ་ཀཱིརྟིས་བསྒྱུར་ནས་གཏན་ལ་ཕབ། ཆོས་ཚན་འདིའི་འཕྲོར་སྡེ་དཀར་དུ་ཀུན་ཏུ་བཟང་པོའི་བསྡུས་དོན་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པ། ཞེས་དང་། དེའི་རྗེས་སུ་མ་བྱུང་ཞེས་མཆན་འཁོད། བསྟན་འགྱུར་རྒྱུད་པི་པར་བཞུགས། |