26046
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སློབ་དཔོན་ཟླ་བའི་འོད་དང༌མིང་གཞན་རིན་ཆེན་རྡོ་རྗེ་མྱུ་གུས་མཛད་པའི་དཔལ་གསང་བ་འདུས་པའི་རྒྱན་ཞེས་བྱ་བ་ལེའུ་བཅོ་བརྒྱད་པའི་རྣམ་པར་བཤད་པ། རྒྱ་གར་གྱི་མཁན་པོ་ཆེན་པོ་སུ་ན་ཡ་ཤྲཱི་མི་ཏྲ་དང༌། བོད་ཀྱི་སྒྲ་བསྒྱུར་གྱི་ལོ་ཙཱ་བ་དགེ་སློང་དར་མ་གྲགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། ཆོས་ཚན་ ༠༧༥༣ པ་དང་ ༠༧༥༤ པ་གཉིས་གཞུང་གཅིག་གི་སྟོད་སྨད་ཀྱི་འགྲེལ་པ་དང་འགྱུར་བ་པོ་གཅིག་ཡིན་ཡང་མཛད་པ་པོ་སོ་སོ་ཡིན་ཕྱིར་བུ་སྟོན་དང་པེ་ཅིང་པར་མ་དང་། སྣར་ཐང་དཀར་ཆག་ཏུ་གསང་འདུས་ལེའུ་བཅུ་བདུན་པའི་འགྲེལ་པ་དྲི་མེད་སྦས་པས་མཛད་པ། པཎྜི་ཏ་པུཎྱ་ཤྲཱི་མི་ཏྲ་དང་། ལོ་ཙཱ་བ་དར་མ་གྲགས་ཀྱི་འགྱུར། པཎྜི་ཏ་པུཎྱ་ཤྲཱི་མི་ཏྲ་དང་། ལོ་ཙཱ་བ་དར་མ་གྲགས་ཀྱི་འགྱུར། ཞེས་ཆོས་ཚན་གཉིས་ལྟ་བུར་བརྩིས་པ་དང་སྡེ་དཀར་དུ་དཔལ་གསང་བ་འདུས་པའི་རྒྱན་ཞེས་བྱ་བ་ལེའུ་བཅོ་བརྒྱད་པའི་རྣམ་པར་བཤད་པ་དཀྱིལ་འཁོར་ཆེན་པོའི་སློབ་དཔོན་བྱང་ཕྱོགས་ཀྱི་ལམ་ལ་མཁས་པ་ཆེན་པོ་སློབ་དཔོན་ཟླ་བའི་འོད་དང་། མིང་གཞན་རིན་ཆེན་རྡོ་རྗེ་མྱུ་གུས་མཛད་པ། རྒྱ་གར་གྱི་མཁན་པོ་ཆེན་པོ་སུ་ནྱཱ་ཡ་ཤྲཱི་མི་ཏྲ་དང་། བོད་ཀྱི་སྒྲ་སྒྱུར་གྱི་ལོ་ཙཱ་བ་དགེ་སློང་དར་མ་གྲགས་ཀྱིས་མང་ཡུལ་གྲོང་གི་ལྷ་ཁང་ཀ་རུ་དང་ཨག་ཙར་སྒང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ཞེས་ཆོས་ཚན་གཅིག་ལྟ་བུ་ཞིག་བྱས་ཏེ་ལེའུ་བཅོ་བརྒྱད་པའི་མཛད་པ་པོ་མ་གཏོགས་འཁོད་མི་འདུག བསྟན་འགྱུར་རྒྱུད་ཏི་པར་བཞུགས། |