26051

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔལ་གསང་བ་འདུས་པའི་རྒྱུད་ཀྱི་འགྲེལ་པ་ (1)
Part of speech མིང་ཚིག
Definition སློབ་དཔོན་ཆེན་པོ་དཔལ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་མཛད་པའི་དཔལ་གདང་བ་འདུས་པའི་རྒྱུད་ཀྱི་རྒྱུད་འགྲེལ། རྒྱ་གར་གྱི་མཁན་པོ་ཤྲཱི་ཏཱ་ར་ཀ་ལ་ཤའི་སྲས་པཎྜི་ཏ་ཀུ་མཱ་ར་ཀ་ལ་ཤའི་དཔོན་པོ་མནྟྲ་ཀ་ལ་ཤ་ཞེས་བྱ་བ་ཉིད་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ། བསྟན་འགྱུར་རྒྱུད་ཤ་པར་བཞུགས།
དཔལ་གསང་བ་འདུས་པའི་རྒྱུད་ཀྱི་འགྲེལ་པ་ (2)
Part of speech མིང་ཚིག
Definition སློབ་དཔོན་ཐ་ག་ནའི་ཞལ་སྔ་ནས་མཛད་པའི་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་འགྲེལ་པ། རྒྱ་གར་གྱི་མཁན་པོ་ཨཱ་ཙཱརྱ་ཤྲདྡྷ་ཀ་ར་ཝརྨྨ་དང༌། དྷརྨ་ཤྲཱི་བྷ་དྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོས་བཅོས་ཤིང་བསྒྱུར་ཏེ་གཏནལ་ཕབ། བསྟན་འགྱུར་རྒྱུད་ཇི་པར་བཞུགས།