From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
དཔལ་གསང་བ་རིན་པོ་ཆེ་ཡིད་བཞིན་ནོར་བུ་ (1)
| Part of speech
|
མིང་ཚིག
|
| Definition
|
དཔལ་ནཱ་རོ་པས་མཛད་པའི་དཔལ་གསང་བ་རིན་པོ་ཆེ་ཡིད་བཞིན་ནོར་བུ། བོད་ཀྱི་ལོ་ཙཱ་བ་མར་པ་ཆོས་ཀྱི་བློ་གྲོས་ཀྱིས་ཞུས་ཏེ་བསྒྱུར། ཆོས་ཚན་འདི་བསྟན་འགྱུར་དཔེ་བསྡུར་མ་ལ་འོག་ཏུ་ཆོས་ཚན་ ༢༥༠༨ པ་དང་བསྐྱར་ཟློས་སུ་འཁོད་པ་སྟེ། ཆོས་ཚན་ ༠༣༨༤ པ་དང ༢༥༠༨ པའི་ཟུར་མཆན་ལ་གཟིགས། བསྟན་འགྱུར་རྒྱུད་ཟ་པར་བཞུགས།
|
དཔལ་གསང་བ་རིན་པོ་ཆེ་ཡིད་བཞིན་ནོར་བུ་ (2)
| Part of speech
|
མིང་ཚིག
|
| Definition
|
དཔལ་ན་རོ་པས་མཛད་པའི་དཔལ་གསང་བ་རིན་པོ་ཆེ་ཡིད་བཞིན་ནོར་བུ། རྒྱ་གར་གྱི་པཎྜི་ཏ་ཤྲཱི་ན་རོ་པ་ཆེན་པོ་དང་། བོད་ཀྱི་ལོ་ཙྪ་བ་མར་པ་ཆོས་ཀྱི་བློ་གྲོས་དག་གིས་ཞུས་ཏེ་བསྒྱུར། ཟུར་མཆན། མཛད་བྱང་དུ་དཔལ་ཨུ་རྒྱན་གྷན་དྷོ་ལའི་གཙུག་ལག་ཁང་ནས། དྲི་མེད་ཡེ་ཤེས་མཁའ་འགྲོ་མས་རྗེ་བཙུན་ཏེ་ལོ་པ་ལ་གདམས་པ། དཔལ་ན་རོ་པས་མཛད། ཞེས་འཁོད། ཆོས་ཚན་འདི་དང་ ༢༥༡༠ པ་གཉིས་སྡེ་དགེ་པར་མ་དང་། ཅོ་ནེ་པར་མ་ལ་བདེ་མཆོག་གི་སྐོར་ལ་འཁོད་པ་དང་། པེ་ཅིང་པར་མ་དང་། སྣར་ཐང་པར་མ་ལ་རྒྱུད་གསར་བཅུག་གི་སྐབས་སུ་འཁོད་པའི་རྐྱེན་གྱིས་བསྟན་འགྱུར་དཔེ་བསྡུར་མ་ལ་བདེ་མཆོག་གི་སྐབས་དེ་དག་རིམ་པར་ཆོས་ཚན་ ༠༤༢༣ པ་དང་ ༠༣༨༤ པ་གཉིས་པེ་ཅིང་པར་མ་སྣར་ཐང་པར་མ་ལ་མི་བཞུགས་ཞེས་སྡེ་དགེ་པར་མ་དང་། ཅོ་པར་མ་ལ་དཔེ་བསྡུར་བྱས་ཏེ་བཀོད་པ་དང་། འདིར་རྒྱུད་གསར་བཅུག་གི་སྐབས་སྡེ་དགེ་པར་མ་དང་། ཅོ་ནེ་པར་མ་ལ་མི་བཞུགས་ཞེས་པེ་ཅིང་པར་མ་དང་། སྣར་པར་མ་ལ་དཔེ་བསྡུར་བྱས་ཏེ་བཀོད་པ་གཉིས་བསྐྱར་ཟློས་སུ་འཁོད་འདུག བསྟན་འགྱུར་རྒྱུད་ཝུ་པར་བཞུགས།
|