26058
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དགེ་སློང་རྡོ་རྗེ་དཔལ་བཟང་གིས་མཛད་པའི་དཔལ་གསང་བའི་སྙིང་པོའི་རྒྱུད་ཀྱི་འགྲེལ་པ་ཞིག་སྟེ། གཞུང་འདིའི་མཇུག་བྱང་དུ། རྗེ་སྒྲོ་ཕུག་པའི་བཤད་སྲོལ་ལ་གཞུང་ལ་ས་བཅད་བཏབ་ནས་མཆན་བུས་འཆད་ཅིང་། དཀའ་བ་རྣམས་དཀའ་ཚོམས་དང་ཊཱི་ཀས་འཆད། གསུང་སྒྲོས་ཀྱི་ཤོག་ལྡེ་རྣམས་ལྷན་ཐབས་སུ་འདེབས་པར་འདུག་ནའང་། དཀའ་ཚོམས་དང་ས་བཅད་དང་མཆན་བུ་རྣམས་འདེབས་པ་དང་། མཆན་བུ་འདོགས་ས་འཕྱུགས་པ་དང་། གསུང་སྒྲོས་རྣམས་ལའང་དག་ཐེར་བྱ་རྒྱུ་ཅི་རིགས་པ་འདུག་ཅིང་། མཆན་བུ་རྣམས་འགྲེལ་པ་སྤར་ཁབ་ཀྱི་ལུགས་སུ་བཏབ་འདུག་ནའང་། སྤར་ཁབ་ཀྱིས་མ་ཁྲོལ་བ་དང་མ་བཀྲལ་བ་རྣམས། འགའ་ཞིག་འགྲེལ་པ་མངོན་རྟོགས་དང་། འགའ་ཞིག་འགྲེལ་ཆུང་པིནཏརྠ་དང་། འགའ་ཞིག་བླ་མ་གོང་མ་རྣམས་ཀྱི་སྒྲོས་མཆན་དུ་འདུག་པ་དེ་ཐམས་ཅད་ལ་བདག་གིས་བརྟགས་ཤིང་དཔྱད་ནས། རྨོངས་པ་རྣམས་ཀྱིས་ཤེས་སླའི་ཕྱིར་ཊཱི་ཀ་བཀླགས་ཆོག་གུ་རུའི་ལུགས་སུ་བྲིས། ཞེས་གསུངས་པ་ལྟར། ཟུར་ཐམས་ཅད་མཁྱེན་པ་ཆོས་རྗེ་བྱམས་པ་སེངྒེའི་སློབ་མ་ཤཱཀྱའི་དགེ་སློང་རྡོ་རྗེ་དཔལ་བཟང་པོས་ཆུ་མོ་ལུག་གི་ལོའི་དབྱར་གྱི་ངོ་གཡས་རུ་ཆོས་ལྡིངས་ཀྱི་རི་ཁྲོད་དུ་སྦྱར་བའི་རྒྱུད་གསང་བ་སྙིང་པོའི་འགྲེལ་པ་སྟེ། ལེའུ་ཉེར་གཉིས་ཀྱི་སྟེང་སྤྱི་དོན་མཐའ་མཇུག་གི་དོན་བཅས་ཚན་ཁག་ཉེར་གསུམ་དུ་བཞུགས་ཤིང་། རྗེ་སྒྲོ་ཕུག་པ་ནས་བརྒྱུད་པའི་འཆད་སྲོལ་ལྟར་མཛད་པ་ཞིག་ཡིན། རྒྱུད་འགྲེལ་འདི་སྔ་འགྱུར་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞུགས། |