26064
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རྫོགས་ཆེན། རྫོགས་ཆེན་སྤྱི་ཏི་ཡོ་གའི་ལུགས་ལྟར་འཕགས་པ་འཇམ་དཔལ་གྱི་དཔལ་ལ་རྣམ་པ་གསུམ་དུ་ཕྱེ་བ་སྟེ། ཉི་ཟླ་འབར་བའི་སྒྲོན་མ་ལས། འཇམ་ནི་ལྟ་སྒོམ་གྱི་ཟུག་རྔུ་དང་རྩོལ་སྒྲུབ་མེད་པས་འཇམ། དཔལ་ནི་ཀ་དག་བློ་འདས་ཏེ་རྣལ་འབྱོར་སྐལ་ལྡན་ཡང་རབ་ཀྱི་དཔལ་ལོ། །ཡང་ན། དཔལ་ནི་རྣམ་པ་གསུམ་སྟེ། རྟོགས་པ་བདག་གི་དཔལ་དང་། ཐུགས་རྗེ་གཞན་གྱི་དཔལ་དང་། བྱར་མེད་བློ་འདས་རྟོགས་པའི་དཔལ་དང་གསུམ་མོ། །ཞེས་གསུངས། |
| Domain | [ཆོས་ལུགས།, ལྟ་གྲུབ།] |