26067

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔལ་གུར་གྱི་མགོན་པོའི་ནང་ཁྲིད་ (1)
Part of speech མིང་ཚིག
Definition ཇོ་ནང་། དཔལ་གུར་གྱི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་བརྒྱ་དང་གཉིས་པ་ཡིན། བརྗོད་བྱ་ནི། དཔལ་གུར་གྱི་མགོན་པོ་གཙོ་འཁོར་ཡབ་ཡུམ་པུ་ཏྲ་མིང་སྲང་རྣམས་ཀྱི་བསྐྱེད་བཟླས་བསྐུལ་དམིགས་རྣམས་མདོར་བསྡུས་ཏེ་བསྟན་ཡོད། བརྒྱུད་རིམ་ནི། ཇོ་ནང་ཁྲིད་བརྒྱའི་མཚན་སྡོམ་ལས། རྡོ་རྗེ་འཆང་ཆེན་བྲམ་ཟེ་མཆོག་སྲེད་དང་། ནོར་བུ་གླིང་པ་ཤྲདྡྷཱ་ཀ་ར། ལོ་ཆེན་རིན་བཟང་བྲག་སྟེང་མ་ལ་ལོ་ཙཱ། ས་ཆེན་ཀུན་སྙིང་ཡར་སྒོམ་སེ་བོ་དང་། རྒྱལ་ཚ་ལུང་མང་མཁས་པ་ཡོན་ཏན་ཁྲི། སེང་གེ་བཟང་པོ་སེང་གེ་རྒྱལ་མཚན་པ། བསོད་ནམས་རྒྱལ་མཆོག་བདག་ཆེན་ནམ་མཁའ་རྒྱལ། བློ་གྲོས་རྒྱལ་མཚན་སློབ་དཔོན་དཔལ་རྒྱལ་བ། སངས་རྒྱས་རིན་ཆེན་ལྷ་མཆོག་སེང་གེའི་ཞབས། སོགས། ཞེས་བྱུང་ངོ་། །རྗེ་བཙུན་གྲོལ་མཆོག་ཆོས་སྐུ་ལྷ་དབང་གྲགས། སྒྲོལ་བའི་མགོན་པོ་རྗེ་བཙུན་འཕྲིན་ལས་དབང་། རིན་ཆེན་རྒྱ་མཚོ་སྙིང་པོ་མཐའ་ཡས་དང་། ཀུན་བཟང་དབང་པོ་རྣམས་ལ་གསོལ་བ་འདེབས། ཆོས་དབྱིངས་ཆོས་འབྱོར་མཐུ་སྟོབས་དཔའ་བཟང་དང་། ལྕགས་ཟམ་སྤྲུལ་སྐུ་བསྟན་སྐྱོང་མཁྱེན་བརྩེའི་དབང་། ཡོན་ཏན་རྒྱ་མཚོ་འཁོར་ལོ་བདེ་ཆེན་མཚན། སྟོབས་ལྡན་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། ཚེ་ནོར་ཆོས་འབྱོར་ཀརྨ་འགྱུར་མེད་དང་། ཚེ་དབང་པད་སྤྲུལ་བློ་གྲོས་མཐའ་ཡས་དང་། ངག་དབང་བློ་གྲོས་བདེ་ཆེན་རྡོ་རྗེ་དང་། བློ་བཟང་ཕྱོགས་གླང་རྣམས་ལ་གསོལ་བ་འདེབས། མཁྱེན་རབ་རྒྱ་མཚོ་བློ་གྲོས་རྣམ་པར་རྒྱལ། ཡོན་ཏན་བཟང་པོ་མཁན་ཆེན་ཤེས་རབ་གསལ། ཐུགས་རྗེ་དཔལ་བཟང་པདྨ་རྣམ་པར་རྒྱལ། འཇིགས་མེད་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། ཡར་ཀླུང་པ་སེང་གེ་རྒྱལ་མཚན་གྱི་ཁྲིད་ཡིག་ནང་ལྟར་བཏུས་ཏེ་བྲིས་པའོ། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།

{{#arraymap:དཔལ་གུར་གྱི་མགོན་པོའི་ནང་ཁྲིད་

|; |@@@ | | }}