From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
དཔལ་གྱི་ཆས་བརྒྱད་ (1)
| Part of speech
|
མིང་ཚིག
|
| Definition
|
སྔགས། བླ་མེད། ཤེས་བྱ་ཀུན་ཁྱབ་ལས་བྱུང་བ་སྟེ། གཟི་བརྗིད་འབར་བ་ཆུ་སྲིན་བརྗིད་པའི་ཆས། ཐབས་དང་ཤེས་རབ་ཟུང་འབྲེལ་ཉི་ཟླའི་ཆས། གདུག་པ་ཅན་སྲེག་ཡེ་ཤེས་མེ་ཡི་ཆས། སྐྱེ་ཤི་རྩད་གཅོད་མཆེ་བ་ཟླ་ཚེས་ཆས། ཁྱབ་མཛད་རེ་སྐོང་རྡོ་རྗེ་གཤོགས་པའི་ཆས། མངའ་ཐང་ཡོངས་རྫོགས་རྡོ་རྗེ་སླག་པའི་ཆས། སངས་རྒྱས་སར་བགྲོད་དབང་གི་བསེ་ཁྲབ་ཆས། གནོད་གདུག་ཟློག་བྱེད་རྒྱ་བྱེའུ་ལྕགས་ཀྱི་ཆས།
|
| Domain
|
ཆོས་ལུགས།
|
དཔལ་གྱི་ཆས་བརྒྱད་ (2)
| Part of speech
|
མིང་ཚིག
|
| Definition
|
ཀོ་རློན། སྦྲུལ། ཐོད་ཕྲེང་། ཉི་མ། ཟླ་བ། རཀྟ། ཞག ཐལ་བའོ། །
|
དཔལ་གྱི་ཆས་བརྒྱད་ (3)
| Part of speech
|
མིང་ཚིག
|
| Definition
|
དབུ་སྐྲ་གྱེན་བརྫེས་འཁོར་བ་རུ་བཟློག་ཆས། རྡོ་རྗེ་ཁྱུང་གཤོག་ཐབས་དང་ཤེས་རབ་ཆས། མཐིང་ནག་ཅོད་པན་དཔའ་རྟགས་ཟིལ་གནོན་ཆས། སྤྱི་གཙུག་རྡོ་རྗེ་ལྷག་པ་རིག་པའི་ཆས། དབང་གི་བསེ་ཁྲབ་གཟི་འབར་བགྲོད་པའི་ཆས། གཉིས་མེད་སྦྱོར་བ་ཤེས་རབ་ཡུམ་གྱི་ཆས། གནོད་གདུག་བཟློག་བྱེད་རྒྱ་བྱེའུ་ལྕགས་ཀྱི་ཆས། ཉོན་མོངས་ཅན་བསྲེག་རྡོ་རྗེ་མེ་ཡི་ཆས་སོ། །
|
དཔལ་གྱི་ཆས་བརྒྱད་ (4)
| Part of speech
|
མིང་ཚིག
|
| Definition
|
ཕྱོགས་བཅུའི་མུན་སེལ་ལས། རྒྱན་ཆས་ནི་དཔལ་གྱི་ཆས་བརྒྱད་དེ། ཐེག་པ་ཆེན་པོའི་དོན་ལ་མངའ་བརྙེས་པའི་མཚོན་བྱེད་དུ་གླང་ཆེན་ལྤགས་པའི་བསྟོད་གཡོགས། དྲེགས་པ་དབང་དུ་སྡུད་པ་ཞིང་གི་གཡང་གཞིའི་སྟོད་གཡོགས། གཟུང་འཛིན་མཐའ་ལས་གྲོལ་བ་སྟག་ལྤགས་ཀྱི་ཤམ་ཐབས་ཏེ། ཀོ་རློན་གྱི་གོས་ནི་རྣམ་པ་སྣ་ཚོགས་དང་ལྡན་པའོ། །སྦྲུལ་ནི་རྒྱལ་རིགས་དཀར་པོའི་དབུ་རྒྱན། རྗེ་རིགས་སེར་པོའི་སྙན་ཆ་དང་མགུར་ཆུ། བྲམ་ཟེའི་རིགས་དམར་པོའི་དོ་ཤལ་དང་དཔུང་རྒྱན། དམངས་རིགས་ལྗང་གུའི་སྐེད་རགས། གདོལ་རིགས་ནག་པོའི་ཕྱག་ཞབས་ཀྱི་གདུ་བུའོ། །ཐོད་ཕྲེང་ནི་མི་མགོ་སྐམ་པའི་དབུ་རྒྱན། རྙིང་པའི་སེར་རལ་ཁ། རློན་པ་ལྔ་བཅུ་རྩ་གཅིག་གི་དོ་ཤལ་ལོ། །ཉི་མ་དང་ཟླ་བའི་ཆས་ནི་ཕྲག་པ་གཡས་གཡོན་ནས་འོད་འགྱེད་པ་སྟེ། ཐབས་དང་ཤེས་རབ་ཀྱིས་སྣང་བའི་བརྡའོ། །དེ་དག་གིས་མཚོན་ནས། རཀྟའི་ཐིག་ལེ། ཞག་གི་ཟོ་རིས། ཐལ་ཆེན་གྱི་ཚོམ་བུ་དང་བརྒྱད་དོ། །ཞེས་གསུངས།
|