26098

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔལ་ཆེན་ནམ་མཁའ་འཇིགས་མེད་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གསུམ་པའི་ས་གླང་ཕྱི་ལོ ༡༧༦༩ ལོར་མདོ་སྨད་རེབ་སྐོང་སྦྱང་ལུང་དུ་འཁྲུངས། གཞོན་དུས་ནས་དཔའ་བོ་ཞིག་ཡིན། ཐུགས་དམ་གྱི་གཙོ་བོ་དམིགས་བརྩེ་མ་ཡིན་པར་གསུངས། དབུས་སུ་སྔ་ཕྱི་ལན་གཉིས་ཕེབས། གསར་རྙིང་གི་བླ་མ་བདུན་ཅུ་བསྟེན། རྒྱལ་བའི་བཀའ་འགྱུར་དང་། རྒྱུད་འབུམ། ཀུན་མཁྱེན་མཛོད་བདུན། ཤིང་རྟ་རྣམ་གསུམ། མདོ་དབང་ཆེན་མོ། ཀློང་སྡེ་རྡོ་རྗེའི་ཟམ་པ། བཀའ་བརྒྱད་དབང་ཆེན། སྨིན་གླིང་ཉི་གྲགས་སོགས་ཀྱི་གཏེར་ཆོས། ཀློང་ཆེན་སྙིང་ཐིག དག་སྣང་སྐོར་སོགས་གསན། ཉམས་རྟོགས་བརྙེས། ཞེ་དྲུག་པར་རང་ཡུལ་དུ་བྱོན། ཆོས་མང་དུ་གསུངས། གོས་དཀར་ལྕང་ལོའི་སྡེ་སྔར་ལས་དར། བཅའ་ཡིག་ཆེན་མོའི་དགོངས་པ་ལྟར་འགྲིག་ལམ་དང་། ཀུན་སྤྱོད་ཀྱི་རིམ་པ་ཞིབ་རྒྱས་སུ་བཏང་། ཞེ་བརྒྱད་པར་ཁྱུང་དགོན་མི་འགྱུར་རྡོ་རྗེ་གླིང་བཏབ། ཆོས་ཀྱི་ཁྲིར་བཞུགས། བཀའ་བརྒྱད་བདེ་གཤེགས་འདུས་པའི་དབང་ཆེན་ཉིན་བཅོ་ལྔའི་རིང་གནང། རབ་བྱུང་བཅུ་བཞི་པའི་ཤིང་རྟ་ཕྱི་ལོ ༡༨༣༤ ལོར་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་གྲུབ་ཆེན་པདྨ་རང་གྲོལ་དང་། ཆོས་དབྱིངས་སྟོབས་ལྡན་རྡོ་རྗེ། ཀུན་བཟང་སྟོབས་ལྡན་དབང་པོ། གྲུབ་དབང་སྐལ་ལྡན་རང་གྲོལ་བཅས་ཡིན།