26106

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔལ་ཆེན་འོད་པོ་ (1)
Part of speech མིང་ཚིག
Definition རབ་བྱུང་གསུམ་པའི་ལྕགས་རྟ་ཕྱི་ལོ ༡༡༥༠ ལོར་དཔལ་ལྡན་ས་སྐྱར་ཡབ་ས་ཆེན་ཀུན་དགའ་སྙིང་པོ་དང་། ཡུམ་མ་གཅིག་འོད་སྒྲོན་གཉིས་ཀྱི་སྲས་སུ་འཁྲུངས། གཅེན་པོ་ཆེ་བ་སློབ་དཔོན་བསོད་ནམས་རྩེ་མོ་ཡིན་ལ། གཅེན་པོ་ཆུང་བ་རྗེ་བཙུན་གྲགས་པ་རྒྱལ་མཚན་ཡིན། ཐུགས་བརྟན་ལ། བརྩོན་འགྲུས་ལྡན། ཡབ་མེས་ཀྱི་ཆོས་ལ་སྦྱངས། མན་ངག་མང་པོ་ཐུགས་སུ་མངའ། ཐུན་མོང་གི་རིག་གནས་ཀུན་ལ་མཁས། གསོ་བ་རིག་པ་ལ་མཁས། སྐུ་ཚེ་གང་བོར་སྨན་པ་མཛད། འགྲོ་བ་མང་པོའི་དོན་མཛད། རབ་བྱུང་གསུམ་པའི་ཆུ་ཕག་ཕྱི་ལོ ༡༢༠༣ ལོར་སྐུ་གཤེགས། གསུང་རྩོམ་གསོ་བ་རིག་པའི་བསྟན་བཅོས་བརྒྱད་ཆུང་ཉི་མའི་འོད་ཟེར་བཞུགས།