26107
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དཔལ་ཆེན་འོད་པོ་ཆེ་སྟེ། ས་པཎ་ཀུན་དགའ་སྙིང་པོའི་སྲས། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་གཅུང་པོ་ཡིན་ལ། རབ་བྱུང་གསུམ་པའི་ལྕགས་རྟ་ཕྱི་ལོ་༡༡༥༠ལོར་འཁྲུངས། ས་སྐྱའི་ཆོས་ལུགས་ལ་མཁས་ཤིང་། ལྷག་པར་དུ་གསོ་བ་རིག་པར་མཁས་པས། སྐུ་ཚེ་གང་པོར་སྨན་པ་མཛད་ཅིང་གསོ་བ་རིག་པའི་བསྟན་བཅོས་བརྒྱད་ཆུང་ཉི་མའི་འོད་ཟེར་ཞེས་པའང་མཛད། དགུང་ལོ་ང་བཞི་པ་རབ་བྱུང་གསུམ་པའི་ཆུ་ཕག་ཕྱི་ལོ་ ༡༢༠༣ལོར་སྐུ་གཤེགས། |