26110
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བཟང་པོའི་བུ་བདུན་གྱི་ནང་གསེས་ཤིག་སྟེ། ལྷ་འདྲེ་མཐུས་མངལ་བཟུང་བ་གཞི་བདག་སོགས་ཀྱི་བརྫུས་བུའམ་བླ་བུར་གྲགས་པ་ལྟ་བུ་དང་། གཏོ་དཔྱད་འབྱུང་བ་རྣམས་ལོག་པ་སྟེ་ཆོ་འཕྲུལ་ཆེ་བ། རྩིས་ནས་བུ་བུ་མོ་གང་ཡིན་གསུངས་པ་ལྟར་དུ་མ་སྐྱེས་པ། མངལ་མི་ཆགས་པའི་སྨན་བཏང་ཡང་ཆགས་པ། ཕ་མེད་པར་ཆགས་པའི་བུ་བཅས་ལ་ཟེར་ཞིང་། བརྩི་བྱ་དེ་རིགས་ཁོ་རང་གི་ལས་ཀླུང་ལ་ལྟོས་པའི་ཕྱིར་རྩིས་བྱ་མི་དགོས། |
| Domain | རྩིས་རིག |