26111
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅོ་ལྔ་པའི་ལྕགས་འབྲུག་ཕྱི་ལོ ༡༨༨༠ ལོར་མདོ་སྨད་རེབ་སྐོང་དུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་ས་ཕག་ཕྱི་ལོ ༡༩༥༩ ལོར་སྐུ་གཤེགས། བདུན་པར་སྐྱབས་མགོན་སྐལ་ལྡན་བློ་བཟང་བསྟན་པའི་རྒྱལ་མཚན་ལས་རབ་བྱུང་དང་། དགེ་ཚུལ་དཀྱུས་གཅིག་ཏུ་བསྒྲུབས། གདན་སར་བཀོད། བཅུ་བར་ཉ་ལུང་དགེ་འདུན་འོད་ཟེར་ཡོངས་འཛིན་དུ་བསྟེན། ལོ་བདུན་རིང་སློབ་གཉེར་ལ་ཧུར་བརྩོན་གནང་། བསྡུས་གྲྭ་ནས་ཕར་ཕྱིན་གྱི་བར་བགྲོ་གླིང་བྱས། སྐབས་དེར་བས་མཁས་གྲགས་རྒྱས། ངྷཱི་ཚ་བཀྲ་ཤིས་ཆོས་སྡིངས་ཀྱི་ཆོས་གྲྭར་ཞུགས། གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་མཛད། བདུན་པར་དབུས་སུ་ཕེབས། སྐྱེས་ཆེན་མང་པོ་ལས་ཆོས་རྒྱུན་གསན། དེའི་རྗེས་ཕྱིར་བྱོན། ཞེ་གཉིས་པར་རོང་བོའི་གསེར་ཁྲིར་ཕེབས། ཉན་ཐོ་དགོན་དང་། དར་ཞིང་སོ་ནག་སྒར་སོགས་བསྐྱངས། བྱམས་ཆེན་ཞིག་གསོ་དང་། གཟིམ་ཁང་རྟེན་བརྟེན་པ། ནང་ཆེན། དགོན་སྡེ་ཁག་གི་རྟེན་བཞེངས་སོགས་མཛད། ང་དགུ་པར་སླར་རོང་བོར་གསེར་ཁྲིར་ཕེབས། འཆད་ཉན་ལོ་གསུམ་རིང་འཕེལ་བར་མཛད། སྔ་གཞུག་ཏུ་དངུལ་སྲང་མང་པོས་བསྙེན་བཀུར་མཛད། སྐུ་ཚེ་དེར་ཕྱག་དཔེ་གླེགས་བམ་མང་པོ་བཞེངས། བསྟན་པ་ལ་ཕྱག་རྗེས་ཆེ། དཔལ་ཆོས་མཁན་ཆེན་གྱི་སྐུ་ཕྲེང་དྲུག་པ་ཡིན། རོང་བོ་ཐོས་བསམ་རྣམ་རྒྱལ་གླིང་གི་གདན་རབས་བདུན་ཅུ་བ་ཡིན། |