26115
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མག་བག་གཉིས་ཀྱི་རང་ལོ་ཕོ་མོ་གང་ཡིན་དང་། ན་ཚོད་སུ་རྒན་བཅས་ལ་བལྟས་པའི་གཉེན་སྡེབ་ཀྱི་བཟང་ངན་བརྩི་བ་ལ་ཟེར་བ་ཡིན། དེ་ཡང་མག་པའི་རང་ལོ་བྱི་བ་སོགས་ཕོ་ལོ་དྲུག་ཏུ་གཏོགས་པ་གང་ཞིག་བག་མ་ལས་ན་ཚོད་རྒན་པ་དང་། བག་མའི་རང་ལོ་གླང་སོགས་མོ་ལོ་དྲུག་ཏུ་གཏོགས་པ་གང་ཞིག་མག་པ་ལས་ན་ཚོད་གཞོན་ན་ཎི་ཤ་མ་ལོག་ཅེས་པའི་ཞིང་། མག་བག་དེ་རིགས་གཉེན་སྒྲིག་བྱས་ན་བཟང་བར་བཤད། ཡང་དེ་ལས་ལྡོག་སྟེ་མག་པའི་རང་ལོ་མོ་ལོ་ཡིན་པ་གང་ཞིག་བག་མ་ལས་ན་ཚོད་གཞོན་པ་དང་། བག་མའི་རང་ལོ་ཕོ་ལོ་ཡིན་པ་གང་ཞིག་མག་པ་ལས་ན་ཚོད་རྒན་ན་ཎི་ཤ་ལོག་ཅེས་ཟེར་ཞིང་། མག་བག་དེ་རིགས་གཉེན་སྒྲིག་བྱས་ན་ཕོ་རྒྱུད་ཉུང་ཞིང་མོ་རྒྱུད་འཕེལ། མོ་ཁ་དྲག་ཅིང་ཕོ་ཁ་འཕམ་པར་འོང་བས། བཅོས་སུ་ཕྱག་རྡོར་གྱི་སྐུ་བཞེངས་པ་དང་། དེ་དང་སོར་འབྲང་གི་སྲུང་བ་སྐྱེས་པར་གདགས་དགོས། དེ་མིན་རྩ་དཀར་འཕེལ་སེལ་ལྟེ་བསྒྱུར་སོགས་བུས་པ་སྤེལ་པའི་ཐབས་བཅོས་ཀྱང་བྱས་ན་བཟང་། གལ་སྲིད་སྐྱེས་པ་ཕོ་ལོ་ཡིན་ཡང་བུད་མེད་ལས་གཞོན་པ་ལྟ་བུ་ཆ་རྐྱེན་གཉིས་ལས་གང་རུང་གཅིག་ལོག་ན་དེ་དང་དེའི་ཎི་ཤ་ལོག་པར་བཤད། |
| Domain | རྩིས་རིག |