26124

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔལ་དགྱེས་པའི་རྡོ་རྗེ་ཞེས་བྱ་བའི་རྒྱུད་ཀྱི་དོན་བསྡུས་པ་ (1)
Part of speech མིང་ཚིག
Definition ཆོས་ཚན་འདི་དཔེ་ཐམས་ཅད་ལ་གཤམ་ནས་མི་ཚང་ལ། འགྱུར་བྱང་ཡང་མི་གསལ། བུ་སྟོན་བསྟན་འགྱུར་དཀར་ཆག་ཏུ་འདིར་དགྱེས་རྡོར་གྱི་འགྲེལ་པ་ནཱ་རོ་པའི་གསུང་གི་འོད་ཟེར་ལས་སྐྱེས་པ་ཞེས་བྱ་བ་ནི། བརྫུན་པར་སྣང་བས་མ་བྲིས་སོ་”ཞེས་འདི་ལ་དགྱེ་རྡོར་གྱི་འགྲེལ་པ་ནཱ་རོ་པའི་གསུང་གི་འོད་ཟེར་ལས་སྐྱེས་པ་ཞེས་བྱ་བ་ཞིག་ཡོད་པ་ལ། པེ་ཅིང་པར་མ་དང་། སྣར་ཐང་པར་མ་སྡེ་དགེ་པར་མ་དང་། ཅོ་ནེ་པར་མ་རྣམས་ཀྱི་དཀར་ཆག་ཁག་ཏུའང་བུ་སྟོན་གྱི་གསུང་འདི་དྲངས་ནས་ཆོས་ཚན་དེ་བསྟན་འགྱུར་དུ་བཀོད་མི་འདུག བསྟན་འགྱུར་རྒྱུད་ཅ་པར་བཞུགས།