26162
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྒྱ་གར་གྱི་མཁན་པོ་དཔལ་ཡེ་ཤེས་སྙིང་པོ་དང་། བོད་ཀྱི་ལོཙྪ་བ་མར་པ་ལྷོ་བྲག་པ་ཆོས་ཀྱི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། སྡེ་བཀའི་དཀར་ཆག་ཏུ་གཉིས་མེད་རྣམ་རྒྱལ་ཆེན་མོ་འདི་ལ་ཆག་ལོ་ཙཱ་བ་སོགས་ཀྱིས་རྒྱུད་ཡང་དག་པ་མ་ཡིན་པར་མཛད་མོད་ཀྱི། ན་རོ་འགྲེལ་ཆེན་དུ་གཉིས་མེད་རྣམ་རྒྱལ་གྱི་ལུང་དྲངས་རྣམས་ཀྱང་། འདི་དང་འགྱུར་ཁྱད་ཙམ་མ་གཏོགས་དོན་ལ་ཁྱད་མ་ཞུགས་པ་དང་། འདིའི་བསྐྱེད་རྫོགས་ཀྱི་རྣམ་གཞག་རྣམས་ཀྱང་རྩ་རྒྱུད་ཀྱི་རྣམ་གཞག་དང་མཐུན་པ་དང་། པཎྜི་ཏ་ཆེན་པོ་སྨྲྀ་ཏི་ཛྙཱ་ན་ཀཱིརྟིའི་རང་འགྱུར་ཞིག་ཀྱང་ཡོད་པར་བཤད་པ་དང་། གསང་བ་འདུས་པ་ལ་མཁས་པ་ཁམས་པ་རོ་མཉམ་རྡོ་རྗེའི་ཊཱི་ཀ་སོགས་ལའང་འདི་ཚད་མར་བྱས་སོ། །ཞེས་འཁོད་པ་དང་། སྣར་ཐང་དུ་ཆོས་ཚན་འདི་མི་བཞུགས་ནའང་། འདི་རྒྱུད་རྣམ་དག་ཡིན་མིན་སྐོར་གྱི་དཔྱད་པ་གཞན་ནས་ལུང་དྲངས་ཏེ་རྒྱས་པར་བཀོད་ཡོད། བཀའ་འགྱུར་རྒྱུད་འབུམ་ཆ་པར་བཞུགས། |