26203

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔལ་བཅོམ་ལྡན་འདས་རལ་པ་གཅིག་པའི་དཀྱིལ་འཁོར་གྱི་འཁོར་ལོའི་སྒྲུབ་ཐབས་ (1)
Part of speech མིང་ཚིག
Definition གྲུབ་པ་བརྙེས་པའི་པཎྜི་ཏ་ཆེན་པོ་ཨ་ཛི་ཏ་མི་ཏྲ་གུཔྟས་མཛད་པའི་དཔལ་བཅོམ་ལྡན་འདས་རལ་པ་གཅིག་པའི་དཀྱིལ་འཁོར་གྱི་འཁོར་ལོའི་སྒྲུབ་ཐབས། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཤྲཱི་ཛ་ག་ཏ་མི་ཏྲ་ཨཱ་ནནྡ་དང༌། དེ་ཉིད་ཀྱི་ཞབས་ཀྱི་པདྨོའི་རྡུལ་ལ་སྤྱི་བོས་རེག་ཅིང་གསུང་གི་བདུད་རྩིའི་རོ་མྱང་བ། བོད་ཀྱི་ལོ་ལོ་ཙཱ་བ་གནུབས་བྱམས་པའི་དཔལ་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། ཆོས་ཚན་འདིའི་གོང་དུ་བུ་སྟོན་དང་པེ་ཅིང་པར་མ་དང་། སྣར་ཐང་དཀར་ཆག་ཏུ་མཛད་འགྱུར་མི་གསལ་བའི་བདེ་ཆེན་རལ་གཅིག་ལྷ་ཉི་ཤུ་རྩ་ལྔའི་སྒྲུབ་ཐབས་ཞེས་པ་ཞིག་འཁོད་ཀྱང་། དེ་པར་མ་ཁག་ཏུ་མི་བཞུགས་ལ་སྡེ་དཀར་དུ་མ་བྱུང་ཞེས་མཆན་འཁོད། བསྟན་འགྱུར་རྒྱུད་ཚི་པར་བཞུགས།