26204

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔལ་བཅོམ་ལྡན་འདས་རལ་པ་གཅིག་པའི་སྒྲུབ་ཐབས་ (1)
Part of speech མིང་ཚིག
Definition སློབ་དཔོན་ཆེན་པོ་མི་ཕམ་སྦས་པས་བསྡུས་པའི་དཔལ་བཅོམ་ལྡན་འདས་རལ་པ་གཅིག་པའི་སྒྲུབ་ཐབས། རྣལ་འབྱོར་གྱི་དབང་ཕྱུག་ཤྲཱི་མི་ཏྲ་དང་། གནུབས་ལོ་ཙཱ་བ་མཻ་ཏྲི་ཤྲཱིས་བསྒྱུར། བསྟན་འགྱུར་རྒྱུད་ཚི་པར་བཞུགས།
དཔལ་བཅོམ་ལྡན་འདས་རལ་པ་གཅིག་པའི་སྒྲུབ་ཐབས་ (2)
Part of speech མིང་ཚིག
Definition སློབ་དཔོན་ཆེན་པོ་རོལ་པའི་རྡོ་རྗེས་མཛད་པའི་དཔལ་བཅོམ་ལྡན་འདས་རལ་པ་གཅིག་པའི་སྒྲུབ་ཐབས། རྣལ་འབྱོར་གྱི་དབང་ཕྱུག་མ་ཧཱ་ཤྲཱི་ཛཱ་ག་ཏ་མི་ཏྲ་ཨཱ་ནནྡ་རཱ་ཛ་དང་། གནུབས་ལོ་ཙཱ་བ་མཻ་ཏྲི་ཤྲཱིས་བསྒྱུར། པཎྜི་ཏ་ཆེན་པོ་ཨ་ཛི་ཏ་མི་ཏྲ་གུཔྟ་དང་། སློབ་དཔོན་ཆེན་པོ་མི་ཕམ་སྦས་པ། མི་ཕམ་སྦས་པའི་བཤེས་གཉེན། རོལ་པའི་རྡོ་རྗེ་རྣམས་མཚན་གྱི་རྣམ་གྲངས་ཡིན། བསྟན་འགྱུར་རྒྱུད་ཚི་པར་བཞུགས།
དཔལ་བཅོམ་ལྡན་འདས་རལ་པ་གཅིག་པའི་སྒྲུབ་ཐབས་ (3)
Part of speech མིང་ཚིག
Definition སློབ་དཔོན་ཆེན་པོ་མི་ཕམ་སྦས་པས་བསྡུས་པའི་དཔལ་བཅོམ་ལྡན་འདས་རལ་པ་གཅིག་པའི་སྒྲུབ་ཐབས། བསྟན་འགྱུར་རྒྱུད་ཚི་པར་བཞུགས།
དཔལ་བཅོམ་ལྡན་འདས་རལ་པ་གཅིག་པའི་སྒྲུབ་ཐབས་ (4)
Part of speech མིང་ཚིག
Definition རྒྱ་གར་གྱི་སློབ་དཔོན་ཆེན་པོ་ཤྲཱི་བཛྲ་ཀཱིརྟིའི་ཞལ་སྔ་ནས་མཛད་པའི་དཔལ་བཅོམ་ལྡན་འདས་རལ་པ་གཅིག་པའི་སྒྲུབ་ཐབས། འདིའི་སྒྱུར་བ་པོ་གཞུང་དངོས་ལ་མི་གསལ་ཡང་། བུ་སྟོན་དང་པེ་ཅིང་པར་མ་དང་། སྣར་ཐང་པར་མ་སྡེ་དགེ་པར་མ་རྣམས་ཀྱི་དཀར་ཆག་ཏུ་“ཤྲཱི་ཛཱ་ག་ཏ་མི་ཏྲ་ཨཱ་ནནྡ་དང་། གནུབས་ལོ་ཙཱ་བ་བྱམས་པའི་དཔལ་ཞེས་འཁོད། བསྟན་འགྱུར་རྒྱུད་ཚི་པར་བཞུགས།