26226
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྩིས་ཆེན་བདུན་གྱི་ནང་གསེས་ཤིག་སྟེ། ནད་རྩིས་ཐང་ཤིང་གི་རྩིས་མིག་བཅུ་དྲུག་པོ་འཕྲེད་དུ་བང་བསྒྲིགས་ནས་བཞག་པ་ལས་དངོས་བསྟན་བཅོ་ལྔའི་འཐབ་རྡེལ་དག་གི་གྲས་སུ་རྡེལ་དཀར་གྲུ་བཞི་བྱུང་བ་ལ་དཔལ་ཁྱིམ་ཞེས་དང་། རྡེལ་ནག་གྲུ་བཞི་བྱུང་བ་ལ་བྱུར་ཁྱིམ་ཞེས་ཟེར་ཞིང་། འདི་ནི་རྒྱའི་མཁས་པ་ཙུག་ཏུའི་བཞེད་པ་ཡིན། དེའི་དཔལ་ཁྱིམ་དེ་ཕའམ་སྐྱེས་པའི་ས་ཞེས་པ་རྩིས་མིག་བཅོ་ལྔ་པོ་ཆ་གསུམ་དུ་སྙོམས་བགོས་བྱས་པའི་ལྔ་ཚན་དང་པོར་བྱུང་ན་སྐྱེས་ལྷ་གསོལ། མའམ་བུད་མེད་ཀྱི་ས་ཞེས་པ་ལྔ་ཚན་གཉིས་པར་བྱུང་ན་མཛེས་པའི་དར་འཕྱར། བུའམ་བྱིས་པའི་ས་ཞེས་པ་ལྔ་ཚན་གསུམ་པར་བྱུང་ན་སྲིད་གཞུ་བདུང་། ཕ་མའི་བར་དུ་བྱུང་ན་ཤ་རུས་བཟང་ཞིང་སྲིད་ཀྱི་ཀ་བ་ཚུགས། གལ་སྲིད་དཔལ་ཁྱིམ་གཅིག་བྱུང་ན་ནམ་མཐོངས་ཕྱེ། གཉིས་བྱུང་ན་སྤྲིན་བྲལ་ནམ་མཁར་ཉི་མ་ཤར། གསུམ་བྱུང་ན་ཕུ་གངས་ཞུ་བས་བཟང་། བཞིའི་ཡན་བྱུང་ན་ལོ་ཏོག་འབྲས་བུ་སྨིན་ཞིང་དགེ་ལེགས་འབྱུང་བར་བཤད། དེ་བཞིན་དུ་བྱུར་ཁྱིམ་དེ་ལྔ་ཚན་དང་པོ་ཕ་སར་བྱུང་ན་བདུད་ནག་ཁུ་ཡིས་འདེབས། ལྔ་ཚན་གཉིས་པ་མ་སར་བྱུང་ན་རི་དྭགས་ཁྱི་ཡིས་འདེད། ལྔ་ཚན་གསུམ་པ་བུ་སར་བྱུང་ན་བདུད་ནག་བདུད་དུ་བབས། ཕ་མའི་བར་དུ་བྱུང་ན་སྲིད་གཞུ་ཆག མ་བུའི་བར་དུ་དུ་བྱུང་ན་བདུད་མདའ་ཟུག གལ་སྲིད་བྱུར་ཁྱིམ་གཅིག་བྱུང་ན་སྙིང་ཁོང་མུན་ནག་འཐིབ། གཉིས་བྱུང་ན་མི་བུ་བདུད་བཙོངས། བཞིའི་ཕན་བྱུང་ན་བསླུ་བའི་ཡས་མི་འདོད་པར་བཤད། གོང་དུ་བརྗོད་པ་ལྟར་དཀར་རམ་ནག་བཞིའི་གླིང་མ་བྱུང་བར་འདྲེས་མ་བྱུང་ན་ནད་པ་ཐེ་ཚོམ་ཅན་དུ་འགྱུར་ཞིང་། བཅོས་སུ་གཙུག་ཏོར་དཀར་ནག་དང་། མཚན་བརྗོད། དྲག་པོ་མདོ་བཞི་བཅས་ཀྱི་རིམ་གྲོ་བྱ་དགོས། |
| Domain | རྩིས་རིག |