26238

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔལ་མགོན་གྱི་རྟེན་གཏོར་ (1)
Part of speech མིང་ཚིག
Definition བོན། རྣམ་པར་རྒྱལ་བའི་འཁོར་དུ་གཏོགས་པའི་བསྟན་པའི་བཀའ་སྲུང་ཞིག་གི་རྟེན་གཏོར་ཏེ། བཅའ་ལུགས་ནི། རྣམ་རྒྱལ་སྟོང་མཆོད་སོགས་ཀྱི་ལག་ལེན་དྭངས་ཤེལ་མེ་ལོང་ལས། གདན་མནྜལ་རེའི་སྟེང་དུ་རྐོང་བུའི་ཐོག་ཏུ་ནོར་བུས་བརྒྱན་པ། འཁོར་བཤོས་བུ་ཟླུམ་པོ་བརྒྱད། སྒོ་སྲུང་བཞི་ལ་རྐོང་བུ་ནོར་བུས་བརྒྱན་པ་བཞིས་བསྐོར་བ་ལ་དཀར་མངར་སྨན་འབྲུའི་བརྒྱན་པར་བྱའོ། །ཞེས་སོ། །དེའི་རྒྱུ་དང་བསྲེ་རྫས་སོགས་ནི་གཏོར་མའི་སྐབས་སུ་གསལ་ལོ། །དེ་འདྲའི་སྡེ་ཚན་བརྒྱད་བཅའ་དགོས་ལ། རེ་རེ་ལའང་གཙོ་འཁོར་སྒོ་སྲུང་བཅས་ཡོད་པ། དཀྱིལ་འཁོར་བཅའ་གཞི་ལ་འགོད་སྟངས་ནི། དཔལ་མགོན་བརྒྱ་རྩ་བརྒྱད་ལས་ཤར་དུ། གསང་བ་ལག་ཆེན་གཙོས་པའི་ས་ཡི་དབང་ཕྱུག་བཅུ་གསུམ། བྱང་ཤར་དུ། ཡིད་བཞིན་རྒྱལ་བ་གཙོས་པའི་སྐྱེ་དགུ་མངའ་བདག་བཅུ་གསུམ། ནུབ་ཏུ། ལྷ་དབང་བརྒྱ་བྱིན་གཙོས་པའི་བདེ་འགྲོ་དབང་བསྒྱུར་བཅུ་གསུམ། བྱང་ནུབ་ཏུ། འདོད་པ་དགུ་འགྱུར་གཙོས་པའི་འདོད་དགུ་བསམ་འཕེལ་བཅུ་གསུམ། ནུབ་ཏུ། ཀླུ་རྒྱལ་གཙུག་ན་རིན་ཆེན་གཙོས་པའི་མི་མགོན་དཀར་པོ་བཅུ་གསུམ། ལྷོ་ནུབ་ཏུ། ཀླུ་དབང་འཇོག་པོ་གཙོས་པའི་བསོད་ནམས་རྒྱུན་རྒྱལ་བཅུ་གསུམ། ལྷོ་རུ། ལྷ་མིན་ཐང་བཟང་རིང་སྐྱེས་གཙོས་པའི་ སྲིད་པའི་རྟུལ་ཤུགས་བཅུ་གསུམ། ལྷོ་ཤར་དུ། ཁ་ལ་འོད་འབར་མ་གཙོས་པའི་སྐལ་བའི་ཤེད་ཟ་བཅུ་གསུམ་བཅས་འགོད་ཡོད། གཏོར་མས་མཚོན་དོན་ནི། བཤམ་སྣོད་དཔལ་མགོན་ཡུལ་ས་སོགས་ནི་ལི་ཕོར་རུ་བཤམས་མི་རུང་གསུངས་པས། དེ་མིན་སྣོད་ཡིད་འོང་གཙང་མའི་སྣོད་ལ་འབྲུ་སྣ་དཀར་པོ་རིགས་བསགས་ཞིང། དེའི་སྟེང་ཟན་གྱི་གདན་མནྚལ་ནོར་བུ་བཅའ་སྟེ། དེས་གཙོ་བོར་མཚོན་པ། དེའི་འཁོར་བཤོས་ཕྲན་བརྒྱད་དང། ཕྱོགས་བཞིར་ནོར་བུ་བཞི་སྤར་ནས་འཇོག་སྟེ་འཁོར་བརྒྱད་དང་། སྒོ་སྲུང་བཞི་རུ་མཚོན་པས་སོ། །དེའི་མཐུན་རྫས་དཔལ་མགོན་གྱི་ཙ་ཀ་ལི་དང་། དར་ཟབ་མེ་ཏོག་སོགས་ཀྱིས་མཛེས་ཞིང་བརྒྱན་པར་བྱའོ། །
Domain ཆོས་ལུགས།