26252

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔལ་མགོན་བརྒྱ་རྩ་དགུ་ (1)
Part of speech མིང་ཚིག
Definition བོན། དཔལ་མགོན་བརྒྱ་རྩ་བརྒྱད་སྟེང་གཅེན་ལྷ་མིག་དགུ་བསྣན་པའི་དཔལ་མགོན་བརྒྱ་རྩ་དགུ་ཞེས་བྱ་སྟེ། གཟི་བརྗིད་པོད་བཅུ་གཅིག་ལས། བསྟན་པ་བོན་གྱི་བདག་པོ་དང་། བཀའ་ཡི་སྲུང་མར་གཉེར་གཏད་ནས། གནོད་སྦྱིན་དང་སྲིན་པོའི་ལྷ་ཚོགས་དང། དཔལ་མགོན་བརྒྱ་རྩ་བརྒྱད་ཀྱི་གཅེན་པོར་བསྐོས་ནས་གསང་བའི་མཚན་བཏགས་པ་ལྷ་ཡི་གཙོ་བོ་གཅེན་ལྷ་མིག་དགུ་ཞེས་བྱ་བ། ཞེས་དང་། རྣམ་རྒྱལ་ཆོག་འཁྲིག་ལས། གཅེན་ལྷ་དཔལ་མགོན་བརྒྱ་རྩ་དགུ། ཞེས་སོ། །དེ་ལ་གཅེན་ལྷ་དཔལ་མགོན་བརྒྱ་རྩ་དགུ་ཞེས་ཀྱང་བྱའོ། །
Domain ཆོས་ལུགས།