26253
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོན། སྟོན་པ་གཤེན་རབ་མི་བོ་མཆོག་ནས་བསྟན་པ་རྗེས་བཞག་(ཕྱི་ལོའི་སྔོན་ ༡༣༥༡༦ ལོར་བསྟན་པ་རྗེས་བཞག་གོ)སྐབས་སུ་དམ་ལ་བཏགས་པའི་བཀའ་སྲུང་ཞིག་སྟེ། སྔོན་ཚེ་ཀོང་ཙེ་འཕྲུལ་རྒྱལ་ནས་གསས་ཁང་བརྩིགས་ཕྱིར་སྲིན་གྱི་རྒྱལ་པོ་ཧ་དྷ་ལ་སྐྱེས་གཙོས་པའི་སྲིན་པོ་བརྒྱ་རྩ་ལ་མནའ་ཐོ་བཅད་པའི་སྲིན་པོ་ཡིན། ཕྱིས་སུ་མནའ་ཐོ་ཤོར་རྗེས་ཀོང་ཙེའི་བསྟན་པ་ལ་གནོད་པ་ཡོང་བས། དེ་ལ་སྟོན་པས་ཐུགས་རྗེ་གཟིགས་ཏེ། དེ་དག་དམ་ལ་བཏགས་ནས་བསྟན་འགྲོར་མགོན་མཛད་ཀྱི་བཀའ་སྲུང་དུ་བསྐོས་ཞིང། སྲིན་རྒྱལ་ཧ་དྷ་སྐྱེས་ཅིག་ཀྱང་སྲིན་ལུས་དོར་ཏེ། གཅེན་ལྷ་མིག་དགུ་ཞེས་མཚན་གསོལ་ནས་དཔལ་མགོན་རྣམས་ཀྱི་གཙོ་བོ་རུ་བསྐོས་ཏེ། གཟི་བརྗིད་པོད་བཅུ་གཅིག་ལས། དཔལ་མགོན་བརྒྱ་རྩ་བརྒྱད་ཀྱི་གཅེན་པོར་བསྐོས་ནས། ཞེས་སོ། །བརྒྱ་རྩ་བརྒྱད་ནི། གཅེན་ལྷའི་བཀའ་བློན་བཞི་དང་། ས་ཡི་དབང་ཕྱུག་བཅུ་གསུམ། སྐྱེ་དགུ་མངའ་བདག་བཅུ་གསུམ། བདེ་འགྲོ་དབང་སྒྱུར་བཅུ་གསུམ། འདོད་དགུ་བསམ་འཕེལ་བཅུ་གསུམ། མི་མགོན་དཀར་པོ་བཅུ་གསུམ། བསོད་ནམས་རྒྱུན་རྒྱལ་བཅུ་གསུམ། སྲིད་པའི་རྟུལ་ཤུགས་བཅུ་གསུམ། སྐལ་བའི་ཤེད་ཟ་བཅུ་གསུམ་བཅས་ཡིན་ནོ། །གཟི་བརྗིད་པོད་བཅུ་གཅིག་པའི་བསྟན་པ་རྣམ་གསུམ་རྗེས་བཞག་གི་ལེའུ་ལ་གཟིགས། |
| Domain | ཆོས་ལུགས། |