26262

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔལ་མགོན་འཕགས་པ་ལྷ་ (1)
Part of speech མིང་ཚིག
Definition སློབ་དཔོན་ཨརྱ་དེ་བ་སྟེ་འཛམ་གླིང་མཛེས་པའི་རྒྱན་དྲུག་གི་ཡ་གྱལ། སྟོན་པ་མྱ་ངན་ལས་འདས་ནས་ལོ་ལྔ་བརྒྱ་ཙམ་ན། ཡུལ་སིངྒ་ལའི་གླིང་གི་རྒྱལ་པོ་པཉྩ་ཤྲི་ཞེས་བྱ་བའི་པདྨའི་ཚལ་དུ་རྫུས་ཏེ་འཁྲུངས་པར་གྲགས། མཁན་པོ་ཧེ་མ་དེ་ཝ་ལས་རབ་ཏུ་བྱུང་ཞིང་དགེ་སློང་གི་སྡོམ་པ་མནོས། དེ་ནས་རྒྱ་གར་གྱི་ཡུལ་དུ་ཕྱིན་ནས་སློབ་དཔོན་ཀླུ་སྒྲུབ་དང་མཇལ་ལ། སློབ་དཔོན་གྱི་དྲུང་དུ་མདོ་སྔགས་ཀྱི་ཆོས་མཐའ་ཡས་པ་གསན་ཅིང་ཕྱི་ནང་གི་གྲུབ་མཐའ་ལ་མཁས་པའི་རྩེར་སོན། སློབ་དཔོན་སྐུ་འདས་ཁར་བསྟན་པའི་བདག་པོར་བསྐོས་ནས་རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱུད་དུ་སངས་རྒྱས་ཀྱི་ཆོས་ལུགས་དར་བར་མཛད། ལྷ་ཁང་དང་གཙུག་ལག་ཁང་ཉི་ཤུ་རྩ་བཞི་བཞེངས། དེ་ཐམས་ཅད་དུ་ཆོས་གཞི་བཙུགས། བྲམ་ཟེ་ཐུབ་དཀའ་ནག་པོ་རྩོད་པས་ཆར་བཅད་ནས་རྗེས་སུ་བཟུང་། དཔལ་ན་ལེནྡྲ་དགོན་པར་ཡུན་རིང་དུ་ཞུགས། སྐུ་ཚེ་སྨད་དུ་རྒྱ་གར་ལྷོ་ཕྱོགས་སུ་སྐུ་འདས། སློབ་དཔོན་དེས་བརྩམས་པའི་བསྟན་བཅོས་གཙོ་བོ་ནི། དབུ་མ་བཞི་བརྒྱ་བ། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ། སྤྱོད་པ་བསྡུས་པའི་སྒྲོན་མ། རྡོ་རྗེ་གདན་བཞིའི་དཀྱིལ་ཆོག་སྙིང་པོ་མདོར་བསགས། རྡོ་རྗེ་གདན་བཞིའི་སྒྲུབ་ཐབས་སོགས་བསྟན་འགྱུར་དུ་གསལ།

{{#arraymap:དཔལ་མགོན་འཕགས་པ་ལྷ་

|; |@@@ | | }}