From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ་ (1)
| Part of speech
|
མིང་ཚིག
|
| Definition
|
རྒྱ་གར་གྱི་མཁན་པོ་ཨཱཙཱརྱ་ཤྲདྡྷཱ་ཀ་ར་བརྨྨ་དང་། ཀ་མ་ལ་གུཔྟ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། བསྟན་འགྱུར་རྒྱུད་སི་པར་བཞུགས།
|
དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ་ (2)
| Part of speech
|
མིང་ཚིག
|
| Definition
|
དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ། བསྟན་འགྱུར་རྒྱུད་ཧི་པར་བཞུགས།
|
དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ་ (3)
| Part of speech
|
མིང་ཚིག
|
| Definition
|
སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པའི་དཔལ་མཆོག་དང་པོོའི་རྒྱ་ཆེར་བཤད་པ། རྒྱ་གར་གྱི་མཁན་པོ་ཆེན་པོ་མནྟྲ་ཀ་ལ་ཤ་དང་། སྒྲ་བསྒྱུར་གྱི་ལོ་ཙཱ་བ་ཆེན་པོ་བོད་ཀྱི་དཔལ་ལྷ་བཙན་པོ་བྱང་ཆུབ་སེམས་དཔའི་གདུང་རྒྱུད་ལྷ་བླ་མ་དགེ་སློང་ཞི་བ་འོད་ཀྱི་ཞལ་སྔ་ནས་བསྒྱུར་ཅིང་གཏན་ལ་ཕབ། ཟུར་མཆན། བུ་སྟོན་དང་པེ་ཅིང་པར་མ་དང་། སྣར་ཐང་དཀར་ཆག་ཏུ་“ཤེར་དུམ་གྱི་འགྲེལ་པ་པཎྜི་ཏ་ཤྲདྡྷཱ་ཀ་ར་ཝརྨ་དང་ལོ་ཙཱ བ་རིན་ཆེན་བཟང་པོའི་འགྱུར། སྨད་འགྲེལ་ལོ་ཙཱ་བ་རིན་ཆེན་བཟང་པོས་ཅི་རིགས་པར་བསྒྱུར་བ་ལ། པཎྜི་ཏ་མཾ་དྲ་ཀ་ལ་ཤ་དང་། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ཧོར་ཀོང་བསབས་ཏེ་ཡོངས་སུ་རྫོགས་པར་བསྒྱུར་བའོ། །འདི་ལ་རྒྱ་དཔེ་རྙིང་ན་ཧོར་ཀོང་བསབ་དགོས་པའང་ད་དུང་ཆ་གཉིས་སུ་སྣང་ངོ་། །ཞེས་དང་། སྡེ་དཀར་དུའང་དེ་དང་མཚུངས་པར་འཁོད། བསྟན་འགྱུར་རྒྱུད་ཨི་པར་བཞུགས།
|