26283
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སློབ་དཔོན་དཔལ་རིན་ཆེན་རྡོ་རྗེས་མཛད་པའི་དཔལ་མི་བསྐྱོད་རྡོ་རྗེའི་སྒྲུབ་པའི་ཐབས། རྒྱ་གར་གྱི་མཁན་པོ་པདྨཱ་ཀ་ར་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། ཆོས་ཚན་འདི་ལ་སྨྲྀ་ཏིའི་འགྱུར་ཞིག་ཡོད་འདུག་ཀྱང་དེ་བུ་སྟོན་དང་པེ་ཅིང་པར་མ་དང་། སྣར་ཐང་པར་མ་སྡེ་དགེ་པར་མ་རྣམས་ཀྱི་དཀར་ཆག་ཏུ་“འདི་ལ་སྨྲྀ་ཏིའི་རང་འགྱུར་གཅིག་ཀྱང་ཡོད་མོད་ཀྱི་དོན་གཅིག་ཅིང་འགྱུར་མི་འདི་བཟང་བས་འདི་བྲིས་སོ། །ཞེས་བསྟན་འགྱུར་ཁྲོད་དུ་འཁོད་མི་འདུག བསྟན་འགྱུར་རྒྱུད་པི་པར་བཞུགས། |