2631
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཤར་ཕྱོགས་ཀོང་ཡུལ་དུ་འཁྲུངས། འཁྲུངས་པའི་ལོ་ཚིགས་མི་གསལ། དྭགས་པོ་གྲྭ་ཚང་དང་། དཔལ་ལྡན་སྨད་རྒྱུད་སོགས་སུ་ཞུགས། མདོ་སྔགས་རིག་གནས་ཀུན་ལ་མཁས་པར་སྦྱངས། རྒྱུད་པ་དང་བྱང་རྩེར་རིམ་བཞིན་ཁྲི་ཐོག་པ་ལོ་བདུན་རིང་མཛད། རབ་བྱུང་བཅུ་གཅིག་པའི་ས་སྟག་ཕྱི་ལོ་ ༡༦༣༨ ལོར་དགའ་ལྡན་གསེར་ཁྲིར་ཕེབས། དགའ་ལྡན་རྩེ་ཤར་གཉིས་ཀྱི་བར་དུ་འཁྲུགས་རྩོད་བྱུང་། རྐྱེན་དེས་ཤར་པ་རྣམས་ཀྱིས་དགའ་ལྡན་གསེར་ཁྲི་བཙན་འཕྲོག་མཛད། གསེར་ཁྲི་ཡུན་རིང་བཞུགས་མ་ཐུབ་པར་བྲོས་སྟབས་ཀྱིས་ཁམས་དཔལ་འབར་དུ་བྱོན། འགྲོ་དོན་རྒྱ་ཆེར་མཛད། འདིའི་ཡན་ལ་དགའ་ལྡན་ཁྲི་པ་རྩེ་ཤར་རེ་མོས་བྱེད་ཀྱང་ལོ་གྲངས་སོགས་ལ་ངེས་ཅན་མེད་ན་ཡང་། འདིའི་མཚམས་ནས་བཟུང་གཙང་པ་རྒྱལ་པོས་ཁྲིམས་བཅད་པས་ཁྲི་པའི་ལོ་གྲངས་ངེས་ཅན་གྱི་སྲོལ་ཚུགས། འདས་པའི་ལོ་ཚིགས་ཀྱང་མི་གསལ། དགའ་ལྡན་གསེར་ཁྲིའི་ཁྲི་རབས་སོ་དྲུག་པ་ཡིན། |