2634
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཆོས་སྤྱོད་སོགས་བསླབས་ཏེ། ལོ་བཅོ་ལྔ་བར་དུ་བཞུགས། བཅུ་བདུན་པར་པཎ་ཆེན་དཔལ་ལྡན་ཡེ་ཤེས་ལས་དགེ་ཚུལ་གྱི་སྡོམ་པ་མནོས། བཅོ་བརྒྱད་པར་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་མཛད། གཞུང་ཆེན་བཀའ་པོད་ལྔ་ལ་གསན་སྦྱོང་མཛད། ཉེར་གསུམ་པར་གཙང་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར་ལས་བསྙེན་པར་རྫོགས། ཀ་ཆེན་ཡེ་ཤེས་རྒྱལ་མཚན་གྱི་ཞབས་ལ་གཏུགས། དབེན་གནས་ཁག་ལ་སྒྲུབ་པ་རྩེ་གཅིག་ཏུ་གཞོལ། ང་གཅིག་པར་ཀོང་པོ་དགའ་ལྡན་བསམ་གཏན་གླིང་བཏབ། དུས་རྒྱུན་བྱང་ཆུབ་ལམ་རིམ་བཤད་ཁྲིད་གནང་། ང་དྲུག་པ་རབ་བྱུང་བཅུ་བཞི་པའི་མེ་བྱི་ཕྱི་ལོ་༡༨༡༦ལོར་སྐུ་གཤེགས། གསུང་རྩོམ་ནི་བདེ་ལམ་དམར་ཁྲིད་ཐེག་མཆོག་གདམས་པའི་ཉིང་ཁུ་དང་། རྟེན་འབྲེལ་བསྟོད་པའི་ཊཱིཀྐ། ཡོངས་འཛིན་ཆོས་ཀྱི་རྒྱལ་པོའི་གསུང་ཟིན་བདེ་ལམ་དམར་ཁྲིད་དྲང་སྲོང་ཞལ་ལུང་། ལམ་རིམ་ཆེ་ཆུང་གི་བསྡུས་དོན་ཚིགས་བཅད་མ་བཅས་པོད་གཅིག་བཞུགས། མཚན་གཞན། ཕག་མགོ་བླ་མ། |
Domain | རྩིས་རིག |
{{#arraymap:ཀོང་པོ་ཡེ་ཤེས་བརྩོན་འགྲུས་
|; |@@@ | | }}