26354
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སློབ་དཔོན་མཁས་པ་མཻ་ཏྲི་པས་མཛད་པའི་དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་རིན་པོ་ཆེའི་སྒྲོན་མ། རྒྱ་གར་གྱི་མཁན་པོ་བཛྲ་པཱ་ཎིའི་ཞལ་སྔ་ནས་དང༌། བོད་ཀྱི་ལོ་ཙཱ་བ་བ་རེག་ཐོས་པ་དགས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། སླད་ཀྱི་དགེ་བའི་བཤེས་གཉེན་དམ་པ་མཁས་པ་བ་རི་ལོ་ཙཱ་བས་བཅོས་ཤིང་གཏན་ལ་ཕབ། དུས་ཕྱིས་ཁ་ཆེའི་པཎྜི་ཏ་ཆེན་པོ་བུདྡྷ་ཤྲཱི་ཛྙཱ་ནའི་བཀའ་དྲིན་ལ་བརྟེན་ནས་ལོ་ཙཱ་བས་སྒྲ་དོན་ཇི་ལྟ་བ་བཞིན་དུ་གཏན་ལ་ཕབ། བསྟན་འགྱུར་རྒྱུད་ཞ་པར་བཞུགས། |