26361

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔལ་འཆིང་བ་རྣམ་གྲོལ་གྱི་བསྟན་བཅོས་ (1)
Part of speech མིང་ཚིག
Definition སློབ་དཔོན་ཆེན་པོ་གྲུབ་པ་བརྙེས་པའི་དཔལ་ནིསྐ་ལངྐས་མཛད་པའི་དཔལ་འཆིང་བ་རྣམ་གྲོལ་གྱི་བསྟན་བཅོས། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཤྲཱི་ཛ་ག་ཏ་མི་ཏྲཱ་ནནྡའི་ཞལ་སྔ་ནས། ཁ་ཆེའི་པཎྜི་ཏ་ཆེན་པོ་བུདྡྷཱ་ཤྲཱི་བྷ་དྲས་གཏན་ལ་ཕབ་ནས་བོད་ཀྱི་ལོ་ཆུང་གནུབས་ཚུལ་ཁྲིམས་ཤེས་རབ་ཀྱིས་བསྒྱུར། བུ་སྟོན་དང་། པེ་ཅིང་པར་མ་དང་། སྣར་ཐང་དཀར་ཆག་ཏུ་“བདེ་བར་གཤེགས་པའི་བསྟན་པ་རིན་པོ་ཆེའི་གྲུ་བོ་ ༡༣༦༦ དང་། འཆིང་བ་རྣམ་གྲོལ་གྱི་བསྟན་བཅོས་རྒྱས་པ་ ༡༣༧༦ གཉིས་དཔལ་ནིསྐ་ལཾ་ཀས་མཛད་པ། པཎྜི་ཏ་ཤྲཱི་ཛ་ག་ཏྲ་ཨཱ་ནནྡ་དང་། བུདྡྷ་ཤྲཱི་ཛྙཱ་ན་དང་། ལོ་ཙཱ་བ་བྱམས་པའི་དཔལ་གྱི་འགྱུར་”ཞེས་ཆོས་ཚན་དེ་གཉིས་ལ་གཞུང་དངོས་ཀྱི་ཆོས་ཚན་ ༡༣༦༧ པའི་མཛད་པ་པོ་དང་། ཆོས་ཚན་ ༡༣༦༦ པའི་སྒྱུར་བ་པོ་འཁོད་པ་དང་། སྡེ་དཀར་དུ་མཛད་པ་པོ་གཞུང་དངོས་དང་མཚུངས་ཀྱང་། སྒྱུར་བ་པོ་ཆོས་ཚན་དེ་གཉིས་ལ་ཆོས་ཚན་ ༡༣༦༧ པའི་སྒྱུར་བ་པོ་འཁོད་འདུག་པས་དེ་དག་ཡར་མར་ནོར་བ་སྟེ་གཞུང་དངོས་ཀྱི་མཛད་འགྱུར་དག་པ་ཡིན་པར་སྙམ། བསྟན་འགྱུར་རྒྱུད་ཟི་པར་བཞུགས།