26368
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྟ་མགྲིན་གསང་བ་འདུས་པ་ལས། དཔལ་འཇིགས་བྱེད་མེའི་སྤུ་གྲིའི་བསྲུང་བཟློག་འཁོར་ལོ་བུ་ཡིག ཅེས་བྱ་བ་སྟེ། གཏེར་གཞུང་ལས། ཤིན་ཏུ་ཟབ་ཕྱིར་གནམ་སྐས་བྲག་ལ་སྦས༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ ཅེས་གསལ། གཏེར་ཆེན་རཏྣ་གླིང་པས་གནམ་སྐས་བྲག་ནས་གདན་དྲངས། འདིའི་ནང་དོན་ལ། རྫས་སྔགས་ལ་བརྟེན་ནས་སྔགས་ནག་བཟློག་པའི་ཐབས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྲུང་བཟློག་བསྟན། |