26376
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འདི་བ་སྒོ་མང་གདམ་རབས་བཅུ་གསུམ་པ་རིན་ཆེན་བྱང་ཆུབ་ཀྱི་སྐུ་ཕྲེང་བཅུ་གསུམ་པ་ཡིན། འབྲས་སྤུངས་སྒོ་མང་ཆོས་གྲྭར་ཞུགས་ནས་ཐུགས་གཉེར་གནང། འདི་བར་བོད་གཞུང་ནས་མེ་རྒན་མཁན་པོའི་མཚན་གནས་དང་གཟིམ་ཆུང་གདན་ཐོབ་ཡོད། བར་ཁམས་བསྟན་པའི་སྒྲོན་མེ་ཞེས་ཆེ་མཐོང་དང་མཚན་གནས་ཧ་ཅང་ཆེ། ལྷ་རམས་མཚན་བཏགས་གྲུབ་རྗེས་སྨད་རྒྱུད་གྲྭ་ཚང་དུ་ཞུགས་ནས་རྒྱུད་སྡེའི་སྐོར་ཐུགས་གཉེར་དཔྱིས་ཕྱིན་མཛད་དེ། གཞིས་དགོན་དཔལ་འབར་ཆོས་སྡེར་ཕེབས། དགོན་དེར་གཞུང་ཆེན་བཀའ་པོད་ལྔའི་འཆད་ཉན་གསར་འཛུགས་དང། རྒྱུད་སྡེའི་ཁག་གི་ཆོ་ག་ཕྱག་ལེན་གྱི་རིམ་པ་རྣམས་སྨད་རྒྱུད་ལྟར་ཞིབ་ཚགས་དཔྱིས་ཕྱིན་མཛད། ཕྱི་ལོ༡༩༨༢ཕྱི་ཟླ་ལྔ་བའི་ནང་རྒྱ་གཞུང་ནས། ༸གོང་ས་མཆོག་བོད་དུ་ཕེབས་ན་ལྷ་སར་བཞུགས་མི་ཆོག་པར་པེ་ཅིང་རང་དུ་བཞུགས་གཏན་ཁེལ་ཚུལ་སོགས་གླེང་སློང་བྱུང་བར་དཔལ་འབར་རིན་པོ་ཆེ་ནས་༸རྒྱལ་བ་རིན་པོ་ཆེ་བོད་ཀྱི་རྒྱལ་བ་རིན་པོ་ཆེ་རེད། ཁོང་ཕེབས་ན་ལྷ་ས་པོ་ཏ་ལ་དང་ནོར་བུ་གླིང་ག་ཁོང་གི་བཞུགས་ས་ཡིན་པས་དེར་བཞུགས་དགོས་ཚུལ་བཀའ་མོལ་ཤུགས་ཆེ་གནང་བར། རྒྱ་ཕྱོགས་ནས་ཁོང་ལ་སྡང་ཟུག་དང་ལན་འདེབས་བྱས་པར་ཐུགས་ཕམ་ཚད་མེད་གནང་སྟེ། ཕྱི་ལོ་ ༡༩༨༢ ལོར་སྐུ་གཤེགས། |