26381

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔལ་འབྱོར་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རྒྱུད་སྟོད་མཁན་ཐོག་༡༡ པ་དང་དགའ་ཁྲི་ ༢༥ པ་དཔལ་འབྱོར་རྒྱ་མཚོ་ནི། ཕྱི་ལོ་ ༡༥༢༦ མེ་ཁྱི་ལོར་སྟོད་ལུང་རན་པར་སྡེ་གད་པ་ཁ་བའི་སྲས་སུ་འཁྲུངས། གཞོན་ནུ་དུས་ནས་མཁས་པའི་ཕུལ་དུ་གྱུར། རིང་པོར་མ་སོང་བར་རྒྱུད་པའི་བླ་མར་ཕྱག་རྟགས་ཕེབས། ཕྱི་ལོ་ ༡༥༩༩ ས་མོ་ཕག་གི་ལོར་དགུང་གྲངས་༧༤ ཕེབས་པ་བོད་ཟླ་ ༦ ཚེས་ ༡༥ ཐོ་རངས་གཟུགས་སྐུའི་བཀོད་པ་བསྡུས་ཏེ་གདུང་ཞུགས་སུ་ཕུལ་བའི་སྐུ་དང་ཡི་གེ་སོགས་རང་བྱོན་རྣམས་ནང་རྟེན་དུ་བཞུགས་པའི་དངུལ་གྱི་ལྷ་བབས་མཆོད་རྟེན་ལི་མ་ལྷ་ཁང་ཤར་གྱི་གཙོ་བོའི་གཡས་དང་པོར་བཞུགས།