265

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀ་རེ་ཀོ་རེ་ (1)
Part of speech རྒྱན་ཚིག
Definition སྐད་ཆ་དཀྱོགས་ནས་བཤད་པའི་དོན།
Keyword True
Example སྐད་ཆ་ཀ་རེ་ཀོ་རེ་རྐྱང་རྐྱང་བཤད་ལྟ་བུ།
ཀ་རེ་ཀོ་རེ་ (2)
Part of speech རྒྱན་ཚིག
Definition ཕར་འཐེན་ཚུར་འཐེན་བྱས་ནས་ནར་འགྱངས་བྱས་པའི་དོན།
Keyword True
Example ལམ་བར་ལ་ཀ་རེ་ཀོ་རེ་བྱས་ནས་དུས་ཐོག་ཏུ་སླེབས་མ་ཐུབ་པ་རེད་ལྟ་བུ།
ཀ་རེ་ཀོ་རེ་ (3)
Part of speech རྒྱན་ཚིག
Definition མི་སྐོར་ལོག་སྟེ།
Keyword True
Example མི་ཀ་རེ་ཀོ་རེ་ལ་སྐད་ཆ་བཤད་ས་ཁྱོན་ནས་མི་འགྲོ་ལྟ་བུ།
ཀ་རེ་ཀོ་རེ་ (4)
Part of speech རྒྱན་ཚིག
Definition དབྱིབས་ཕར་འཁྱོག་ཚུར་འཁྱོག་བྱས་ཡོད་པའི་དོན།
Keyword True
Example ཤིང་ཀ་རེ་ཀོ་རེ། རྡོ་ཀ་རེ་ཀོ་རེ། ལམ་ཀ་རེ་ཀོ་རེ་ལྟ་བུ།