From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
དཔལ་ལྡན་གྲགས་པ་ (1)
| Part of speech
|
མིང་ཚིག
|
| Definition
|
རྒྱུད་སྟོད་མཁན་ཐོག་༣༤ པ་དང་དགའ་ཁྲི་༥༡ པ་དཔལ་ལྡན་གྲགས་པ་ནི། ཧོར་ཚང་ཀོ་ཉིན་ཞེས་པའི་ས་ཡི་ཆར་འཁྲུངས། དབུས་སུ་ཕེབས་ནས་རྟ་ཚག་ངག་དབང་དཀོན་མཆོག་ཉི་མའི་དྲུང་ནས་རབ་ཏུ་བྱུང་། འབྲས་སྤུངས་སྒོ་མང་དང་རྒྱུད་སྟོད་དང་ཤར་རྩེ་མཁན་པོ་མཛད་རྗེས་སུ། ཕྱི་ལོ་ ༡༧༢༡ ལྕགས་གླང་ལོར་གསེར་ཁྲིར་ཕེབས་ཏེ། ཕྱི་ལོ་ ༡༧༢༤ ཤིང་ཕོ་འབྲུག་གི་ལོར་རྒྱལ་མཆོག་ངག་དབང་བློ་བཟང་སྐལ་བཟང་རྒྱ་མཚོའི་ཡོངས་འཛིན་མཛད་པ་སོགས་བསྟན་འགྲོའི་མཛད་རྗེས་ཕུན་སུམ་ཚོགས་པར་བསྐྱངས། ཕྱི་ལོ་ ༡༧༢༩ ས་མོ་བྱའི་ལོར་ཧོར་ཟླ་༡༡ པའི་ཚེས་ཉི་ཤུ་ཉིན་ཞི་དབྱིངས་སུ་གཤེགས། གདུང་རུས་ལ་ཡིག་འབྲུ་རྣམ་པ་ཤིན་ཏུ་གསལ་བ་ཞིག་རྒྱལ་མཆོག་སྐལ་བཟང་གིས་བཞེས། གཞན་ཡང་ཞུན་ཐིགས་ནོར་བུ་དགའ་འཁྱིལ་དབྱིབས་ཅན་པདྨ་རཱ་ག་ལྟར་དམར་བ་དང་། ཐུབ་དབང་གི་སྐུ། དབུ་ཐོད་ལ་འཇིགས་བྱེད་རང་བྱོན། གདུང་རུས་ལ་འཇམ་དབྱངས་ཀྱི་སྐུ་དང་ཡ་མ་རཱ་ཛཱའི་སྔགས་ཕྲེང་དང་གསང་བདག་གི་སྐུ་སོགས་མང་དུ་བྱོན།
|
དཔལ་ལྡན་གྲགས་པ་ (2)
| Part of speech
|
མིང་ཚིག
|
| Definition
|
རབ་བྱུང་བཅུ་གསུམ་པའི་མེ་ཁྱི་ཕྱི་ལོ་ ༡༧༦༦ ལོར་མདོ་སྨད་མཛོད་དགེ་སྨད་དུ་འཁྲུངས། ཆུང་དུས་ནས་རྔ་རྒོད་རི་ཁྲོད་པ་ལས་རབ་ཏུ་བྱུང་། བཅུ་གསུམ་པར་ཀུན་མཁྱེན་བླ་མ་ལས་དགེ་ཚུལ་བསྒྲུབས། མཛོད་དགེ་མཁས་གྲུབ་བསྟན་འཛིན་བསྟེན། ལམ་རིམ་བློ་སྦྱོང་བཅས་བཀའ་ཆོས་གསན། ཉེར་ལྔ་པར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་སྒོར་ཞུགས། ཧོར་ཚང་རིན་པོ་ཆེ་ལས་བརྩི་བཞག་གསན། འཛིན་གྲྭའི་སྐྱོར་དཔོན་ཡང་མཛད། གཞུང་ཆེན་བཀའ་པོད་ལྔར་སྦྱངས། རྡོ་རམས་པའི་མཚན་བཏགས་བཞེས། ཐུའུ་བཀྭན་བློ་བཟང་ཐུབ་བསྟན་ཆོས་ཀྱི་རྒྱལ་མཚན་གྱི་ཡོངས་འཛིན་དུ་ཕེབས། དྲུག་ཅུ་པར་རབ་བྱུང་བཅུ་བཞི་པའི་མེ་ཁྱི་ཕྱི་ལོ་ ༡༨༢༦ ལོར་བླ་བྲང་དུས་འཁོར་གྲྭ་ཚང་གི་ཁྲིར་ཕེབས། འཆད་ཉན་ལེགས་པར་བསྐྱངས། འདུ་ཁང་ལ་ཡང་གསེར་གྱི་རྒྱལ་མཚན་ཆ་གཅིག་བཙུགས། དོན་གསུམ་པ་རབ་བྱུང་བཅུ་བཞི་པའི་ས་ཕག་ཕྱི་ལོ་ ༡༨༣༩ ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་ཁྲིར་བཞུགས། གདན་ས་ལོ་གཅིག་རིང་བསྐྱངས། འཆད་ཉན་བཅས་སྔར་སྲོལ་རྒྱུན་འཛིན་མཛད། དོན་བཞི་པ་རབ་བྱུང་བཅུ་བཞི་པའི་ལྕགས་བྱི་ཕྱི་ལོ་ ༡༨༤༠ ལོར་སྐུ་གཤེགས། བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་སོ་བརྒྱད་པ་ཡིན།
|