26514

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔལ་ལྡན་ནག་པོ་ཆེན་པོའི་སྒྲུབ་ཐབས་ (1)
Part of speech མིང་ཚིག
Definition ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱིས་བསྒྱུར་བའི་ལྷ་སོ་སོའི་སྒྲུབ་ཐབས་རྒྱ་མཚོའི་འགྱུར་བྱང་སྒྲུབ་ཐབས་རེ་རེའི་མཐར་འགྱུར་བྱང་རེ་མ་བཀོད་པ། ལྷན་དུ་ཆོས་ཚན་ཐ་མའི་འགྱུར་བྱང་དུ་ལྷ་སོ་སོའི་སྒྲུབ་པའི་ཐབས་རྒྱ་མཚོ་ཞེས་བྱ་བ་འདི་རྣམས་ནི་དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་ཆེན་པོར་པཎྜི་ཏ་ཆེན་པོ་གཽ་ཏམ་ཤྲཱི་ལས་བརྒྱུད་ཅིང་། པཎྜི་ཏ་ཆེན་པོ་ཀཱིརྟི་ཙནྡྲའི་ཞལ་སྔ་ནས་ཞུས་ནས། སློབ་དཔོན་ཆེན་པོ་དྷརྨ་པ་ལ་རཀྵི་ཏའི་སྐུ་སྐྱབས་དང་། དཔོན་ཆེན་པོ་ཀུན་དགའ་གཞོན་ནུ་དང་། མ་གཅིག་པས་སྦྱིན་བདག་མཛད་པ་ལ་བརྟེན་ནས། དེ་ཤཱནྟ་རོ་ཡོ་གི་གྲགས་པ་རྒྱལ་མཚན་གྱིས། བྱ་ལོ་ཟླ་བ་བཅུ་གཉིས་པའི་དཀར་པོའི་ཚེས་གསུམ་ལ་དབེན་གནས་དམ་པ་ཆུ་མིག་རྫིང་ཁར་ཡོངས་སུ་རྫོགས་པར་བསྒྱུར་རོ། །ཞེས་འཁོད། ལྷ་སོ་སོའི་སྒྲུབ་ཐབས་རྒྱ་མཚོ་ལ་པེ་ཅིང་པར་མ་དང་། ཅོ་ནེ་པར་མ་ལ་ཆོས་ཚན་ཉིས་བརྒྱ་ཞེ་ལྔ་བཞུགས་པ་དང་པེ་ཅིང་པར་མ་དང་། ་སྣར་ཐང་པར་མ་ལ་ཆོས་ཚན་༢༡༧༠ པ་བསྐྱར་ཟློས་སུ་འཁོད་པ་སྟེ་ཆོས་ཚན་ཉིས་བརྒྱ་ཞེ་དྲུག་བཞུགས། འོན་ཀྱང་པེ་ཅིང་པར་མ་དང་། སྣར་ཐང་དཀར་ཆག་ཏུ་ཆོས་ཀྱི་རྣམ་གྲངས་ཉིས་བརྒྱ་བཞི་བཅུ་རྩ་གཉིས་བཞུགས་ཞེས་འཁོད་པ་ནི་བུ་སྟོན་དཀར་ཆག་ཏུ་ཆོས་ཚན་གསུམ་མི་བཞུགས་པས་ཆོས་ཀྱི་རྣམ་གྲངས་ཉིས་བརྒྱ་བཞི་བཅུ་རྩ་གཉིས་བཞུགས་ཞེས་འཁོད་པ་ལ་གཞིར་བཟུང་དྲག་ཕྱིར་རོ། །བསྟན་འགྱུར་རྒྱུད་མུ་པར་བཞུགས།