26518

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔལ་ལྡན་བླ་མ་ (1)
Part of speech མིང་ཚིག
Definition རྒྱུད་ཀྱི་རྒྱལ་པོ་ལས། སངས་རྒྱས་ཞལ་འདི་གང་གི་ཐུགས་དང་ཞལ་ལ་གནས་པར་གྱུར་པ་དེ་ནི་དཔལ་ལྡན་བླ་མའོ་ཞེས་གསུངས་པ་ལྟར། སངས་རྒྱས་ཀྱི་ཞལ་ལས་རྒྱུད་ཀྱི་ངེས་པ་བྱང་ཆུབ་སེམས་དཔའི་འགྲེལ་པས་གསལ་བར་བྱས་པ་བཞིན་དུ་སློབ་མའི་བློ་ལ་འགོད་པར་ནུས་ཤིང་། ཏིང་ངེ་འཛིན་གྱི་ཡན་ལག་ཐུགས་ལ་བཞུགས་པས་སློབ་མའི་རྒྱུད་ལ་བྱིན་རླབས་ཀྱི་ངོ་བོར་རྟོགས་པ་སྤོ་བར་ནུས་པ་སྔགས་ཀྱི་ངེས་པས་ས་དང་པོ་ཐོབ་པ་ནི་བླ་མ་ཙམ་ལས་ཀྱང་ཆེས་ཁྱད་པར་དུ་གྱུར་པའི་དཔལ་ལྡན་བླ་མ་ཞེས་བྱའོ་ཞེས་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་གསུངས་ལ། སྐབས་འདིར་འདི་ལྟ་བུའི་བཀའ་དྲིན་གྱི་ཆ་ཤས་ཐོབ་པའི་རྩ་བའི་བླ་མ་ཉིད་དམིགས་སུ་འཛིན།